འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་28ཉིན།

༄༅།།ལོ་8འགོར་རྗེས་ལྗར་པན་གྱིས་ཀྲུང་གོར་ཕྱིར་སྤྲད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་28ཉིན། 13:51】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་10པའི་ཚེས་24ཉིན་ལྗར་པན་ཁོར་ཡུག་སྡེ་ཁག་གིས་ཞིན་ཞི་རྫོང་ཙོ་ཏུའུ་གྲོང་ཁྱེར་ནས་སྐྱེས་པའི་བྱ་ཀྲུའུ་ཧོན་16ཀྲུང་གོར་ཕྱིར་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས། ཀྲུང་གོ་ཕྱོགས་ཀྱིས་ཚེས་29ཉིན་ལྗར་པན་དུ་འཚམས་འདྲིར་བསྐྱོད་དེ་ཙོ་ཏུའུ་གྲོང་ཁྱེར་གྱི་བྱ་ཀྲུའུ་ཧོན་སྤེལ་རེས་ཁང་དུ་རྩིས་སྤྲོད་རྩིས་ལེན་གྱི་མིང་རྟགས་འགོད་པའི་མཛད་སྒོ་འཚོག་རྒྱུ་དང་། ཚེས་31ཉིན་བྱ་ཀྲུའུ་ཧོན་པེ་ཅིང་དུ་བསྐྱལ་རྒྱུ་རེད།

    འདི་ནི་2016ལོའི་ཚུན་དུ་ལོ་8སོང་རྗེས། སླར་ཡང་བྱ་ཀྲུའུ་ཧོན་ཕྱིར་སྤྲོད་པའི་བྱེད་སྒོ་སྤེལ་བ་ཞིག་རེད།

    ཀྲུང་གོ་དང་ལྗར་པན་ཕྱོགས་གཉིས་ཀྱི་དྲན་ཐོ་ལྟར་ན། ཀྲུང་གོས་འདོན་སྤྲོད་བྱས་པའི་བྱ་ཀྲུའུ་ཧོན་གྱིས་རྒྱུད་སྤེལ་བྱས་པའི་བྱ་ཕྲུག་ཁྲོད་ནས་ལྗར་པན་ཕྱོགས་ཀྱིས་ཕྱེད་ཀ་ཀྲུང་གོར་ཕྱིར་སྤྲོད་དགོས།

    ལྗར་པན་ཁོར་ཡུག་སྡེ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཕྱིར་སྤྲོད་རྒྱུའི་བྱ་ཀྲུའུ་ཧོན་ནི་2016ལོ་ནས་2022ལོའི་བར། ཙོ་ཏུའུ་བྱ་ཀྲུའུ་ཧོན་སྲུང་སྐྱོབ་ལྟེ་གནས་སུ་སྐྱེས་པ་ཞིག་དང་། ཁྱོན་མོ་བྱ་9དང་ཕོ་བྱ་7ཡོད་པ་རེད། སྐྱེལ་འདྲེན་མ་བྱས་པའི་སྔོན་ལ། དེ་དག་ལོགས་སུ་བཀར་ནས་བྱ་དེའི་ཆམས་ནད་ཚུད་པའི་འབྲེལ་ཡོད་རིམས་ནད་ཞིབ་བཤེར་དང་ལེན་བྱས་ཡོད། པེ་ཅིང་སྲོག་ཆགས་གླིང་གི་གསོ་ཚགས་གྲ་སྒྲིག་བྱ་བ་འགྲུབ་རྗེས། བྱ་ཀྲུའུ་ཧོན་འདི་དག་དངོས་སུ་དང་ལེན་བྱ་རྒྱུ་རེད།

    བྱ་ཀྲུའུ་ཧོན་ལ་ཀྲུའུ་ལུའུ་ཡང་ཟེར་ལ། དེ་ལ་བྱ་རིགས་ཁྲོད་ཀྱི་“ཤར་ཕྱོགས་ཀྱི་ནོར་བུ”ཞེས་འབོད་པ་རེད། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡིན།