འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་22ཉིན།

༄༅།།ཀྲུང་གོ་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་སློབ་
སྦྱོང་བགྲོ་གླེང་ཚོགས་འདུ་ཏུན་ཧོང་དུ་འགོ་ཚུགས་པ།

《“སྐལ་བཟང་མེ་ཏོག་བཞད”——བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་བརྗོད་དོན་གཙོ་བོའི་འཕྲིན་སྤེལ་གལ་ཆེན་གྱི་ཇུས་ འགོད་ལེ་ཚན》ཕུལ་བྱུང་དཔེ་མཚོན་ཕྱོགས་སྒྲིག་ནང་བདམས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་22ཉིན། 13:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ཏུན་ཧོང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན་ཀྲུང་གོ་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་དང་ཀན་སུའུ་སྨྱན་སྦྱོར་མཉམ་འདྲེས་གསར་གཏོད་དང་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པ་ཏུན་ཧོང་དུ་འགོ་ཚུགས་པ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་བསྐྱལ་བའི《“སྐལ་བཟང་མེ་ཏོག་བཞད”—བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བརྗོད་དོན་གཙོ་བོའི་འཕྲིན་སྤེལ་ཇུས་འགོད་ལེ་ཚན》ཕུལ་བྱུང་གི་དཔེ་མཚོན་ཕྱོགས་བསྒྲིགས་ནང་བདམས་པ་རེད།

    སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོ་ཚགས་པར་ལས་རིགས་མཐུན་ཚོགས་དང་། ཀན་སུའུ་ཚགས་པར་ལས་རིགས་མཐུན་ཚོགས། ཀྲུང་གུང་ཅིའུ་ཆོན་གྲོང་ཨུད། ཅིའུ་ཆོན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀན་སུའུ་ཉིན་རེའི་ཚགས་པར་ལས་ཁུངས། ཀན་སུའུ་ཉིན་རེའི་ཚགས་པར་ལས་རིགས་ཚོགས་པ་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། “གྲངས་འཛིན་དང་རིག་སྟོབས་མཉམ་འདྲེས་གསར་པ·གསར་པར་ཕྱོགས་ནས་སྤུས་ཚད་དོན་གཉེར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། དེའི་དམིགས་ཡུལ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྔར་བས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་རྒྱལ་ནང་སྨྱན་སྦྱོར་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། དུས་སྐབས་གསར་པའི་རྒྱལ་ནང་ཚགས་པར་ལས་རིགས་ཕྱོགས་སྒྱུར་འཕེལ་རྒྱས་དང་གསར་གཏོད་མཉམ་འདྲེས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཀུན་འདུས་སྨྱན་སྦྱོར་གྱི་ཁྱབ་སྤེལ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གཏོད་ཆེད་ཡིན་པ་རེད། གླེང་སྟེགས་དེ་ཀྲུང་གོ་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་དང་ཀན་སུའུ་སྨྱན་སྦྱོར་མཉམ་འདྲེས་གསར་གཏོད་དང་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་དང་། ཀན་སུའུ་སྨྱན་སྦྱོར་མཉམ་འདྲེས་གསར་གཏོད་དང་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པ། གཙོ་རྒྱུན་སྨྱན་སྦྱོར་གྱི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་བཅས་ཁག་གསུམ་ལ་དབྱེ་ཡོད་པ་དང་མི་530ཙམ་ཞུགས་ཡོད་པ་རེད།