འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་15ཉིན།

༄༅།།དོན་དངོས་ལ་གཞི་ཚུགས་པ་དང་ཕན་འབྲས་དངོས་ལ་སྣང་ཆེན་བྱེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་15ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲའོ་ཀྲེང་།

ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་ཀྲུང་དབྱང་རིམ་ངོས་ནས“དཔེ་སྟོན་འཛུགས་གཏོད་དང་ཚད་ལོན་བྱེད་སྒོ་སྔར་བས་ཚད་ལྡན་བཟོས་ནས་དོན་དངོས་ལ་གཞི་ཚུགས་པ་དང་ཕན་འབྲས་དངོས་ལ་སྣང་ཆེན་བྱེད་དགོས”ཞེས་ཁ་གསལ་བཏོན་ཡོད།

དཔེ་སྟོན་འཛུགས་གཏོད་དང་ཚད་ལོན་བྱེད་སྒོ་སྤེལ་བ་དེའི་དམིགས་ཡུལ་ནི་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་སྤྱི་ཡོངས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་དང་མཐོར་གཏོང་ལ་སྐུལ་ཁྲིད་བྱ་རྒྱུ་དེ་ཡིན་པས། དེ་ནི་དོན་འཁྱོལ་ལ་དམ་འཛིན་དང་སྔོན་ཐོན་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བྱེད་ཐབས་ནུས་ལྡན་ཞིག་ཡིན།

བྱ་བ་གང་ཞིག་ཡིན་རུང་ཐལ་དྲགས་ན་མི་འགྲུབ་པ་དང་མང་དྲགས་པ་དང་བསྟུད་མར་བསྒྲུབས་ན་སྣེ་ཁྲིད་ནུས་པ་ཆུང་དུ་འགྲོ་སྲིད། ལྷག་པར་དུ་ས་གནས་འཕེལ་རྒྱས་ཀྱི་དོན་དངོས་དང་བྲལ་ནས“ལས་འགུལ་རྣམ་པ”དང་། “འདྲ་ཆགས་ཆགས”“རླུང་འཚུབ་ཐེངས་གཅིག་ལྟར་གྱི”འཛུགས་གཏོད་བྱས་ཚེ་གཞི་རིམ་གྱི་ཚད་ཡོད་ཀྱི་ལས་ཀའི་སྟོབས་ཤུགས་ཁ་ཐོར་དུ་འགྲོ་རྒྱུ་མ་ཟད། མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཡང་ཤུགས་རྐྱེན་ཕོག་སྲིད་ལ། ད་དུང“ངོ་སྲུང་འདུ་འགོད”ཆགས་རྒྱུར་སྐུལ་འདེད་ཐེབས་ནས་ཐོན་ཁུངས་འཕྲོ་བརླག་ཏུ་འགྲོ་སྲིད།

ལས་ཀའི་ཕན་འབྲས་དངོས་ནི་བསྒྲུབས་ནས་བྱུང་བ་ཞིག་ཡིན། དཔྱད་བསྡུར་དང་། འཛུགས་གཏོད། ཚད་ལོན་བཅས་བྱེད་པའི་འགག་རྩ་ནི“དངོས་སྒྲུབ”ལ་ཐུག་ཡོད། བྱེད་སྒོ་ཚང་མ་མང་ཚོགས་ཀྱི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་ཐུབ་པའི་འགན་ལེན་བྱེད་དགོས་ན་གནད་དོན་དངོས་ཐག་གཅོད་ནུས་ལྡན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

དོན་འཁྱོལ་ལ་དམ་འཛིན་བྱེད་པར་ངེས་པར་དུ“ཐབས་ཤེས”མི་ཉུང་བ་ཞིག་ཁོང་དུ་ཆུད་པར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་། དཔེ་མཚོན་གྱི་གྱོད་དཔེ་བརྡ་ཁྱབ་གཏོང་བ། གླེང་ཕྱོགས་ལ་ལྟ་སྐུལ་སོགས་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱེད་ལ་མཛུབ་ཁྲིད་ལ་སྐུལ་འདེད་ཀྱང་གཏོང་ཐུབ་པས་ཡུལ་བབ་དང་བསྟུན་པ་དང་སྤུས་ཚད་མཐོར་གཏོང་དང་འབོར་ཚད་ཉུང་གཏོང་མཐའ་འཁྱོངས་བྱས་ཚེ་ལས་དོན་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་ཐུབ།