འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་15ཉིན།

༄༅།།རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིར་རང་རྒྱལ་གྱི་གློག་ཤུགས་ལས་རིགས་ཀྱི་ཚན་རྩལ་
གསར་གཏོད་ཀྱི་བྱ་དགའ་མཐོ་ཤོས་ཐོག་མར་ཐོབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་15ཉིན། 09:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་གློག་ཤུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱ་དགའ་མཐོ་ཤོས་ཡིན་པའི་2024ལོའི་ལོ་འཁོར་གྱི་ཀྲུང་གོའི་གློག་ཤུགས་ཚན་རིག་ལག་རྩལ་བྱ་དགའ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་སྣེ་ཁྲིད་དེ་ལེགས་སྒྲུབ་བྱས་པའི“མཚོ་བོད་ས་མཐོའི་འཁྱགས་སའི་ཁུལ་གྱི་གློག་འདྲེན་སྐུད་ལམ་གྱི་གློག་ཤིང་གི་རྨང་གཞི་བརྟན་པོ་དང་འཁྱགས་བཞུ་དང་གནོད་འཚེ་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་ལག་རྩལ”གྱི་རྣམ་གྲངས་ལ་ཀྲུང་གོ་གློག་ཤུགས་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། “བསྡུར་གྲངས་མཐོ་བའི་ནུས་རྒྱུ་གསར་པའི་གློག་ཤུགས་མ་ལག་གི་གཅིག་ནུས་གཅིག་གསབ་ཀྱི་ལེགས་སྒྲིག་བཀོད་སྒྲིག་དང་འཁོར་སྐྱོད་ཀྱི་འགག་རྩའི་ལག་རྩལ་དང་དེ་བཞིན་བཀོལ་སྤྱོད”ཀྱི་རྣམ་གྲངས་ལ་ཀྲུང་གོ་གློག་ཤུགས་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་ཅིང་། དེ་ཡང་ལོ་རྒྱུས་ཐོག་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་སྣེ་ཁྲིད་ནས་ཐོབ་པའི་ཀྲུང་གོའི་གློག་ཤུགས་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ་ཐོག་མ་དེ་ཡིན་པས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད།

    ཀྲུང་གོ་གློག་ཤུགས་ཚན་རིག་ལག་རྩལ་གྱི་བྱ་དགའ་ནི་2001ལོའི་ཟླ་3པར་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ལས་དོན་གཞུང་ལས་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའི་ལས་དོན་ལ་སྒྱུར་བཅོས་བྱས་རྗེས་ཁག་དང་པོར་ཆོག་མཆན་སྤྲད་པའི་སྤྱི་ཚོགས་སྟོབས་ཤུགས་ཀྱིས་བཙུགས་པའི་བྱ་དགའ་26གི་གྲས་ཤིག་རེད་ལ། ཀྲུང་གོའི་གློག་ཤུགས་ཁྱབ་ཁོངས་སུ་ཤུགས་རྐྱེན་དང་དབང་གྲགས་རང་བཞིན་ཆེ་ཤོས་ལྡན་པའི་བྱ་དགའ་ཞིག་ཀྱང་རེད།