གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་14ཉིན། 14:44】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་12ཉིན་བསྒྲགས་དོན། ཞི་བདེ་སྲུང་སྐྱོང་མི་སྣ་གཞན་ཞིག་ལ་ཚེས་11ཉིན་གྱི་མཚན་མོར་འབར་མདེལ་ཕོག་ནས་རྨས་ཕོག་པ་རེད། ཚེས་12ཉིན་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་གནས་སྐབས་དཔུང་སྡེ་ལ་ཞི་བདེ་སྲུང་སྐྱོང་མི་སྣ་མངགས་གཏོང་བྱེད་མཁན་རྒྱལ་ཁབ་40ཡིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཉེ་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣར་དམིགས་པའི་འཇབ་རྒོལ་ལ“རྒོལ་གཏམ་དྲག་པོ”བཏང་བ་རེད།