འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་14ཉིན།

༄༅།།བོད་ལྗོངས། མཛེས་སྡུག་ངོ་མཚར་གྱིས་ཕྱུག་པའི་ཡུལ་མཆོག (སྨད་ཆ)

མི་དམངས་དྲ་བའི“ཀྲུང་གོར་སྐྱོད་པའི”བོད་ཀྱི་བརྟག་ཞིབ་བཅར་འདྲི་ཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་14ཉིན། 10:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཁམ་བུའི་མེ་ཏོག་གྲོང་ཚོ”རེད། ལོ་ལྟར་གྱི་ཟླ་བ་གསུམ་པ་དང་བཞི་པར་ཁམ་བུའི་མེ་ཏོག་བཞད་པའི་ནམ་དུས་སུ། ཡུལ་སྐོར་བ་རྒྱུན་མི་ཆད་པ་དེ་གར་རི་ཀླུང་གང་སར་ལྷུག་པོར་བཞད་པའི་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ལ་ལྟ་བར་ཡོང་གི་ཡོད།

ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་བཟོ་པ་ཚོས་དྲེལ་ལ་ལྕང་སོན་བཀལ་ནས་དབོར་བཞིན་པ། (2022ལོའི་ཟླ་5ཚེས་7ཉིན་པར་བརྒྱབ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བརྒྱབ།

ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་བཟོ་པ་ཚོས་དྲེལ་ལ་ལྕང་སོན་བཀལ་ནས་དབོར་བཞིན་པ། (2022ལོའི་ཟླ་5ཚེས་7ཉིན་པར་བརྒྱབ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བརྒྱབ།

    དེ་སྔ་ཁམ་བུའི་མེ་ཏོག་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་ཁར་གྲོང་མིའི་འབབ་ཁུངས་གཙོ་བོ་ནི་འདེབས་འཛུགས་གསོ་ཚགས་དང་ནགས་ཁྲོད་ཐོན་ཁུངས་འཚོལ་བསྡུ་བྱེད་པ་དེ་ཡིན་པས། ལོ་གཅིག་ལ་ཡོང་འབབ་མང་པོ་མེད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་སླེབས་རྗེས་གཞུང་ལམ་ཉམས་བཟོ་དང་། གྱང་རོ་ཞིག་བཟོ། ཡུལ་སྐོར་སྣེ་ལེན་ལྟེ་གནས་སྐྲུན་པ་བཅས་བྱས་པས་གྲོང་ཚོའི་རྣམ་པ་ལེགས་སུ་རྒྱུན་མཐུད་ཕྱིན་ཏེ། ཀ་ལ་གྲོང་ཚོས་ཡུལ་སྐོར་སྤུས་རྟགས་བཏོད་པར་བརྟེན་གྲོང་མི་རྣམས་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་བྱུང་ཡོད།

ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་སྤོབས་པ་ཆེན་པོས་ཕྲུ་གུ་ཚོའི་སྐོར་གླེང་བ། མི་དམངས་དྲ་བའི་གསར་འགོད་པ་ཀྲའོ་ཁྲེན་གྱིས་པར་བརྒྱབ།

ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་སྤོབས་པ་ཆེན་པོས་ཕྲུ་གུ་ཚོའི་སྐོར་གླེང་བ། མི་དམངས་དྲ་བའི་གསར་འགོད་པ་ཀྲའོ་ཁྲེན་གྱིས་པར་བརྒྱབ།

    ཟླ་བ་རྒྱལ་མཚན་གྱིས“ཡོང་འབབ་ལ་སེམས་ཁྲལ་མི་འདུག ཕྲུ་གུ་ཚོས་བློ་རྩེ་གཅིག་སྒྲིམ་ངང་རང་ཉིད་ཀྱི་མདུན་ལམ་ཆེད་དུ་སློབ་སྦྱོང་ལ་འབད་ན་དེ་གས་འགྲིག་སོང”ཞེས་བཤད་པ་དང་། ཁོང་གིས་ཀ་ལ་གྲོང་ཚོའི་འབྱུང་འགྱུར་གཞོན་ནུ་དེ་དག་ལ་རག་ལས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། “ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་སྟེ། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མཁོ་སྤྲོད་ལམ་སྲོལ་འཛུགས་དགོས”ཞེས་བཏོན་ཡོད།

ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་རྒོད་ཕྲུག་འཛིན་གྲྭའི་སློབ་མ། མི་དམངས་དྲ་བའི་གསར་འགོད་པ་ཀྲའོ་ཁྲེན་གྱིས་པར་བརྒྱབ།

ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་རྒོད་ཕྲུག་འཛིན་གྲྭའི་སློབ་མ། མི་དམངས་དྲ་བའི་གསར་འགོད་པ་ཀྲའོ་ཁྲེན་གྱིས་པར་བརྒྱབ།

    ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་ཁང་ནས་བོད་རིགས་སློབ་མས་དྲ་ལམ་ནས་ལེ་དབར་སྟོང་གིས་ཆོད་པའི་པེ་ཅིང་གི་སློབ་གྲོགས་དང་མཉམ་དུ་ལག་ལེན་སློབ་ཚན་ཞིག་ཉན་ཞིང་། ས་གནས་གཉིས་ཀྱི་སློབ་མ་ཚོས་མཉམ་དུ་ས་བོན་བཏབ་པ་དང་རླུང་གནོན་དང་དྲོད་ཚད་སོགས་ཀྱི་ཁྱད་པར་བསྡུར་ནས་སོན་ལ་མྱུ་གུ་འབུས་པའི་བརྒྱུད་རིམ་ཁྲོད་མངོན་པའི་སྣང་ཚུལ་མི་འདྲ་བ་ཟིན་ཐོར་བཀོད་པ་རེད།

    ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ནི་དེ་སྔའི་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་རེད། 2014ལོར་པེ་ཅིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་ལྷ་སའི་སློབ་གསོའི་གྲོང་དུ་སློབ་གྲྭ་གསར་པ་བསྐྲུན་ཏེ“ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང”ཞེས་པར་མིང་བསྒྱུར་བ་མ་ཟད། སྒྲིག་གཞི་ཚང་བའི་བྱེད་ཐབས་ཐོག་ནས་བོད་སྐྱོར་དགེ་རྒན་བདམས་ཏེ“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལག་ལེན་བསྟར་འགོ་བཙུགས་པ་རེད།

ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་། མི་དམངས་དྲ་བའི་གསར་འགོད་པ་ཀྲའོ་ཁྲེན་གྱིས་པར་བརྒྱབ།

ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་། མི་དམངས་དྲ་བའི་གསར་འགོད་པ་ཀྲའོ་ཁྲེན་གྱིས་པར་བརྒྱབ།

    ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཤེ་ཧྥེ་ཡིས། “བོད་སྐྱོར་དགེ་རྒན་སླེབས་པ་དེས་ཕྲུ་གུ་ཚོར་འཛམ་གླིང་ལ་ལྟ་བའི་སྐར་ཁུང་གསར་པ་ཞིག་བཏོད་ཡོད” བོད་སྐྱོར་དགེ་རྒན་གྱིས་ས་གནས་འདི་གའི་དགེ་རྒན་དང་མཉམ་དུ་པེ་ཅིང་གི་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་རྒྱང་ཁྲིད་སློབ་གསོའི་སློབ་ཚན་དང་། ཡུལ་གཞན་དུ་སློབ་སྦྱོང་ལ་འགྲོ་བའི་ལག་ལེན་སློབ་ཚན། ལང་ཚོའི་སློབ་དཔོན་གྱི་སློབ་ཚན་བཅས་ཁྲིད་དེ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐངས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

     ད་ལོ་ནི་རྒྱལ་ཡོངས་ཀྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་རེད། ལོ་30ཡི་རིང་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། རྩེ་རིམ་ཇུས་འགོད་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་ཕྱིན་ཏེ་ཁག་ཐེངས་10ཡི་ཤེས་ལྡན་ལས་བྱེད་པ་ཁྲི་1.2ཙམ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་གངས་ལྗོངས་ས་མཐོར་ཡོང་ཞིང་། ཁོང་ཚོས་དགའ་སེམས་རབ་འཕེལ་ངང་ཁྱབ་ཁོངས་ཁག་ལ་ཞུགས་ཏེ་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།