གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་19ཉིན། 14:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“ཤོན་”ནི་རྩྭ་མདའ་རྫོང་དུ་དར་བ་དང་། བོད་ལྗོངས་མངའ་རིས་ཀྱི་དམངས་ཁྲོད་སྲོལ་རྒྱུན་ཞབས་བྲོ་ཞིག་རེད། “ཤོན་”དེ་ལྷ་མོ་དང་། ཞབས་བྲོ། གཞས་མ་གཏམ་སོགས་བོད་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་དང་ལྷན་དུ་འདྲེས་པ་དང་། ནང་དོན་ཐད་བོད་མི་རིགས་ཀྱི་ཆོས་ལུགས་དང་། གུས་ལུགས། ཡུལ་སྲོལ། དུས་ཆེན་སོགས་ཕྱོགས་ཁག་གི་ནང་དོན་ཚུད་ཡོད་པ་རེད། 2008ལོར་“ཤོན་”ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བདམས་པ་རེད།