འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་12ཉིན།

༄༅།།ཨུ་རུ་སུའི་དམག་དཔུང་འཁྲབ་སྦྱོང་འདིའི་ནང་ཞུགས་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་11ཉིན། 15:03】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ལོ་འཁོར་གྱི་འཆར་གཞི་དང་ཀྲུང་ཨུ་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་། ཨུ་རུ་སུའི་དམག་དཔུང་གིས་ཟླ་9པར་མཚོ་མཁའི་སྟོབས་ཤུགས་བཏང་ནས། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་གྱི་མཚོ་དང་ཧུའུ་ཧོ་ཚི་ཁེ་མཚོ་དང་འབྲེལ་བ་ཡོད་པའི་མཚོ་བར་སྣང་ཁྱབ་ཁོངས་སུ་སྤེལ་བའི་“བྱང་རྒྱུད་མཉམ་འབྲེལ་2024”སྦྱོང་རྩལ་ནང་ཞུགས་རྒྱུ་རེད། ད་ཐེངས་ཀྱི་སྦྱོང་རྩལ་དམིགས་ཡུལ་ནི་ཀྲུང་ཨུ་དམག་དཔུང་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་གཏིང་ཟབ་ཏུ་བཏང་ནས། བདེ་འཇགས་ཀྱི་འཇིགས་སྐུལ་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད།

གཞན་ཡང་། ཀྲུང་གོ་དང་ཨུ་རུ་སུའི་མཚོ་དམག་གི་དམག་གྲུའི་རུ་དཔུང་ཞི་བདེ་རྒྱ་མཚོའི་འབྲེལ་ཡོད་མཚོ་ཁོངས་སུ་བསྐྱོད་དེ། ཕྱོགས་གཉིས་པོའི་མཚོ་ཐོག་མཉམ་འབྲེལ་སྐོར་ཞིབ་ཐེངས་5པ་སྒྲིག་འཛུགས་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཨུ་རུ་སུའི་དམག་དཔུང་གི་2024ལོའི་རྒྱ་མཚོ་ཆེན་པོའི་འཐབ་ཇུས་ནང་སྦྱོང་ནང་ཞུགས་རྒྱུ་རེད།