འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་11ཉིན།

༄༅།།ཀྲུང་གུང་འཐུས་མི་ཚོགས་པས་ཕོར་ཐིའུ་ཀལ་ལ་འཚམས་འདྲི་བྱས་པ་དང་འབྲེལ་ཕོར་ཐིའུ་ཀལ་གུང་ཁྲན་ཏང་གི《མདུན་སྐྱོད་ཚགས་པར》གྱི་དུས་ཆེན་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་11ཉིན། 14:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་སི་པོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཅུས་ཁྲའོ་ཧུའེ་ཡིས་ཀྲུང་གུང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཕོར་ཐིའུ་ཀལ་ལ་འཚམས་འདྲི་བྱས་པ་དང་འབྲེལ་ཕོར་ཐིའུ་ཀལ་གུང་ཁྲན་ཏང་གི《མདུན་སྐྱོད་ཚགས་པར》གྱི་དུས་ཆེན་ལ་ཞུགས་ཤིང་། ཕོར་ཐིའུ་ཀལ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ལེ་མོང་ཏོ་དང་། སྤྱི་ཚོགས་དམངས་གཙོ་ཏང་རྒྱལ་སྤྱིའི་ཧྲུའུ་ཅི་ཧྥེ་ལེ་ལཱ། སྤྱི་ཚོགས་ཏང་གྲོས་ཚོགས་ཏང་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལེ་པེ་ལོ། པོར་ཐུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་མོ་ལེ་ལཱ་བཅས་དང་མཇལ་མཛོམས་གནང་ནས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་གཏིང་ཟབ་བྱས་པ་རེད། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་མཛའ་གྲོགས་འགྲོ་འོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆབས་ཅིག་ཕོར་ཐིའུ་ཀལ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བསྟན་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)