འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་9ཉིན།

༄༅།།ཨུ་རུ་སུས་དོན་འདི་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་09ཉིན། 13:50】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཟླ་9པའི་ཚེས་6ཉིན། ཨུ་རུ་སུའི་ཀྲུང་དབྱང་དངུལ་ཁང་གིས་ཕྱི་རྒྱལ་གྱི་དངུལ་ལོར་དང་དངུལ་སྨར་ལེན་པའི་ཚོད་འཛིན་བྱེད་ཐབས་དེ་2025ལོའི་ཟླ་3པའི་ཚེས་9ཉིན་བར་རིང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཟླ་3པའི་ཚེས་7ཉིན། ཨུ་རུ་སུའི་ཀྲུང་དབྱང་དངུལ་ཁང་གིས་ཕྱི་རྒྱལ་གྱི་དངུལ་ལོར་དང་དངུལ་སྨར་ལེན་པའི་ཚོད་འཛིན་བྱེད་ཐབས་སླར་ཡང་ཟླ་6རིང་དུ་བཏང་ནས་2024ལོའི་ཟླ་9ཚེས་9ཉིན་བར་རིང་དུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

ཨུ་རུ་སུའི་ཀྲུང་དབྱང་དངུལ་ཁང་གིས་དུས་མཚུངས་སུ་དངུལ་ཁང་ནས་ཕྱི་རྒྱལ་གྱི་དངུལ་ལོར་བླངས་ནས་འགྲོ་ལུགས་འགྲིམ་དངུལ་ལེན་རིགས་བཀག་འགོག་བྱེད་པའི་བྱེད་ཐབས་ཟླ་6རིང་རིང་དུ་བཏང་། ཨུ་རུ་སུའི་ཀྲུང་དབྱང་དངུལ་ཁང་གིས་2022ལོའི་ཟླ་3པའི་ཚེས་9ཉིན་ནས་བཟུང་། ཕྱི་རྒྱལ་གྱི་དངུལ་ལོར་ལས་དངུལ་སྨར་ལེན་རིགས་ཚོད་འཛིན་བྱེད་ཐབས་སྤྱོད་རྒྱུ་དང་། དེའི་ནང་སྒེར་པས་ཕྱི་རྒྱལ་གྱི་དངུལ་ལོར་བཅོལ་དངུལ་ལམ་ཕྱི་རྒྱལ་གྱི་དངུལ་ལོར་ཐོ་ཁོངས་ནས་ཨ་སྒོར་ཁྲི་1ལས་བརྒལ་བའི་དངུལ་སྨར་ལེན་རིགས་བཀག་འགོག་བྱ་རྒྱུ་ཚུད་ཡོད། དེའི་རྗེས་སུ་ཨུ་རུ་སུའི་ཀྲུང་དབྱང་དངུལ་ཁང་གིས་ལོ་ཕྱེད་རེའི་མཚམས་ནས་ཚོད་འཛིན་བྱེད་ཐབས་འདི་ཇེ་རིང་དུ་གཏོང་རྒྱུ་རེད།