འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་9ཉིན།

༄༅།།རྒྱལ་ཁབ་འདིས་ཛ་དྲག་གི་གནས་སུ་ལྷུང་བ་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་09ཉིན། 13:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་7ཉིན། པོ་ལི་ཝེ་ཡ་སྲིད་གཞུང་གིས་རྒྱལ་ཁབ་དེའི་ནགས་ཚལ་ལ་མེ་སྐྱོན་ཆེན་པོ་ཤོར་བའི་རྐྱེན་གྱིས་རྒྱལ་ཁབ་ཛ་དྲག་ཆེ་བའི་གནས་ཚུལ་དུ་སླེབས་པ་ཁྱབ་བསྒྲགས་བྱས་ཏེ། ནང་ཁུལ་གྱི་མཐུན་སྦྱོར་དང་རྒྱལ་སྤྱིའི་རོགས་སྐྱོར་མགྱོགས་སུ་བཏང་ནས་མེ་སྐྱོན་ཆེན་པོ་བསད་པ་རེད། ད་ལྟའི་བར་དུ་པོ་ལི་ཝེ་ཡའི་གཞི་ཁྱོན་ཆེ་བའི་ནགས་ཚལ་མེ་སྐྱོན་གྱིས་སྤྱི་ཆིང་ཁྲི་380གྱི་ནགས་ཚལ་དང་འབྲོག་ར་རྩ་གཏོར་བཏང་། པོ་ལི་ཝེ་ཡའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་འདི་ལ་མིག་སྔར་མེ་འབར་ས་72ཡོད་པ་དང་། དེའི་ཁྲོད་ཀྱི་64ཧྲིན་ཁི་ལོ་སི་ཤར་ཕྱོགས་ས་ཁུལ་དུ་འདུས་ཡོད་ཟེར། ཧྲེང་ཁེ་ལུའུ་སི་ཞིང་ཆེན་ནི་པོ་ལི་ཝེ་ཡའི་མི་འབོར་མང་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ལ་པོ་ལི་ཝེ་ཡའི་དཔལ་འབྱོར་དར་རྒྱས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་ཡིན།