འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་7ཉིན།

༄༅།།འཇབ་རྒོལ་དོན་རྐྱེན་འདིར་རྒོལ་གཏམ་དྲག་པོ་བཏང་།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་06ཉིན། 16:16】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་5ཉིན་སྨྱན་སྦྱོར་གསལ་བསྒྲགས་སྤེལ་ནས། ཚེས་2ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་རེད།

གསལ་བསྒྲགས་ནང་བཤད་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་གང་ཞིག་ཡིན་རུང་ཚང་མ་ཉེས་གསོག་གི་བྱ་སྤྱོད་ཡིན་པ་དང་། རྒྱལ་ཁབ་ཚང་མས་ངེས་པར་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》དང་། རྒྱལ་སྤྱིའི་བཅའ་ཁྲིམས་གཞན་དག་གི་འོས་འགན་གཞིར་བཟུང་ནས་བྱེད་ཐབས་ཡོད་ཚད་སྤྱད་དེ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས་ཞེས་བསྐྱར་བསྒྲགས་བྱས་ཡོད།

ཁ་པུར་དུ་ཚེས་2ཉིན་གྱི་ཕྱི་དྲོར་རང་སྲོག་གཅོད་པའི་རྣམ་པའི་འབར་གས་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་བ་དང་། དེར་འཇབ་རྒོལ་བ་ཕུད་པའི་མི་6ཤི་བ་དང་མི་13རྨས་པ་རེད། ཐལ་སྐྱོད་རྩ་འཛུགས་“དབྱི་སི་ལན་རྒྱལ་ཁབ”ཀྱིས་འཇབ་རྒོལ་འདི་ལག་བསྟར་བྱས་པ་ཁྱབ་བསྒྲགས་བྱས།