འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་3ཉིན།

༄༅།།ཀྲུང་གོའི་མཚོ་དམག་གི་གྲུ་གཟིངས་ལྗར་པན་གྱི་མཚོ་ཁོངས་སུ་འཛུལ་ཡོད་དམ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་03ཉིན། 13:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཟླ་9ཚེས་2ཉིན། གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    གསར་འགོད་པ། ལྗར་པན་ཕྱོགས་ཀྱིས་ཀྲུང་གོའི་མཚོ་དམག་གི་དམག་གྲུ་ཞིག་གཟའ་འཁོར་གོང་མའི་གཟའ་སྤེན་པར་ལྗར་པན་གྱི་མངའ་ཁོངས་རྒྱ་མཚོར་བསྐྱོད་པ་དང་། ཉིན་ཤས་གོང་། ཀྲུང་གོའི་མྱུལ་ཞིབ་གནམ་གྲུ་ཞིག་ཀྱང་དུས་ཐུང་ནང་ལྗར་པན་གྱི་མངའ་ཁོངས་བར་སྣང་དུ་བསྐྱོད་པ་རེད་ཅེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཉེ་ཆར་ཐོན་པའི་དམག་གྲུ་འཛུལ་བའི་དོན་རྐྱེན་དེར་འགྲེལ་བཤད་ཇི་ལྟར་རྒྱག་རྒྱུ་ཡིན་ནམ། ཀྲུང་གོ་ཕྱོགས་ཀྱི་མཉམ་མ་བཞག་པའི་བྱ་སྤྱོད་ཅིག་ཡིན་ནམ། ཡང་ན་ཀྲུང་གོ་ཕྱོགས་ཀྱིས་བསམ་བཞིན་དུ་སྒྲུབ་པ་ཡིན་ནམ། ཤར་རྒྱ་མཚོ་དང་ལྷོ་རྒྱ་མཚོའི་རྩོད་གཞི་ཡོད་པའི་མཚོ་ཁོངས་སུ་ཀྲུང་གོས“བདག་དབང་ལ་བཙན་གནོད་བྱེད་པའི”བྱ་སྤྱོད་ཅུང་མང་དུ་ཕྱིན་ཡོད། དེས་ཀྲུང་གོ་ཕྱོགས་ཀྱིས་ས་ཁོངས་དེ་དག་ལ་གནོན་ཤུགས་སྤྲོད་ཤུགས་ཆེ་རུ་གཏོང་རྩིས་བྱེད་པ་མཚོན་གྱི་ཡོད་དམ།

     མའོ་ཉིང་གིས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ཐུའུ་ཀའར་མཚོ་འགག་ནི་རྒྱལ་སྤྱིའི་མཚོ་འགྲུལ་ཐད་སྤྱོད་པའི་མཚོ་འགག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱི་གྲུ་གཟིངས་མཚོ་འགག་དེར་བསྐྱོད་པ་ནི་ས་མཚམས་སྒྲོལ་བའི་ཤར་བགྲོད་དབང་ཆ་སྤྱོད་པ་ཞིག་ཡིན་པས་རྦད་དེ་ལུགས་མཐུན་དང་ཁྲིམས་མཐུན་ཞིག་རེད། ལྗར་པན་ཕྱོགས་ཀྱིས་ཀྲུང་གོའི་དམག་དོན་གནམ་གྲུ་ལྗར་པན་གྱི་མངའ་ཁོངས་བར་སྣང་དུ་འཛུལ་ཡོད་ཅེས་བརྗོད་པའི་སྐོར་ལ་གཟའ་འཁོར་གོང་མར་ཀྲུང་གོ་ཕྱོགས་ཀྱིས་ལན་སློག་ནས་ལངས་ཕྱོགས་གསལ་བཤད་བྱས་ཡོད་ཅེས་བཤད་པ་རེད། ངས་ནན་བཤད་བྱེད་འདོད་པ་ཞིག་ནི་རྐང་བཙུགས་ནས་འབྲེལ་བ་བྱེད་ཐབས་དང་ཐལ་དྲགས་པའི་གསལ་འགྲེལ་བྱེད་དགོས་དོན་མེད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུར་གཞོལ་བའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གནས་ཡོད།