འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་30ཉིན།

༄༅།།ཝང་དབྱི་ཡིས་རི་པིན་གྱི་རི་ཀྲུང་མཛའ་གྲོགས་ཀྱི་གྲོས་མིའི་མནའ་འབྲེལ་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་30ཉིན། 10:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཕྱི་ཕྱོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་པེ་ཅིང་དུ་རི་པིན་གྱི་རི་ཀྲུང་མཛའ་གྲོགས་ཀྱི་གྲོས་མིའི་མནའ་འབྲེལ་ཚོགས་གཙོ་ཨེར་ཅེ་ཅུན་པོ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ཝང་དབྱི་ཡིས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་ཡོངས་ནས་འཐབ་ཇུས་གཉིས་ཕན་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་བསྐྱར་དུ་གཏན་འཁེལ་གནང་ནས་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་དགེ་མཚན་ལྡན་ལ་བརྟན་ལྷིང་གི་ཀྲུང་རིའི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་བས། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་མཁོ་འདོན་གནང་ཡོད། དེང་སྐབས་ཀྲུང་རིའི་འབྲེལ་བ་དེ་སྔ་འཛིན་ཕྱི་གཏོད་དང་གྱེན་དུ་མ་ཕྱིན་ན་ཕྱིར་བཤོལ་ཐེབས་སྲིད་པའི་འགག་རྩའི་དུས་མཚམས་སུ་གནས་ཡོད། རེ་བར་རི་པིན་ཕྱོགས་ཀྱིས་དངོས་ཡོད་དང་ཡང་དག་པའི་ཀྲུང་གོར་འཛིན་པའི་ལྟ་སྟངས་བཟུང་སྟེ་དགེ་མཚན་ལྡན་ལ་དཔྱོད་ཤེས་ཀྱི་ཀྲུང་གོར་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་ནས་འཐབ་ཇུས་གཉིས་ཕན་འབྲེལ་བའི་ངེས་གནས་དོན་ཐོག་ཏུ་འཁྱོལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཨེར་ཅེ་ཅུན་པོ་དང་དེ་བཞིན་ཏང་ཤོག་ཁག་གི་འཐུས་མིས་རི་ཀྲུང་འབྲེལ་བ་བརྟན་པོ་དང་ལེགས་སུ་གཏོང་བར་མུ་མཐུད་ཤུགས་རྒྱག་རྒྱུ་ཡིན་ཞེས་གསུངས་པ་རེད།