འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་30ཉིན།

༄༅།།ཐེ་ལན་གྱི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ལི་ཕེ་ཐུང་ཐན་གྱིས་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་30ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཤིན་ཧྭ་གསར་འགྱུར་ཁང་པང་ཁོག་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཐེ་ལན་གྱི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ལི་ཕེ་ཐུང་ཐན·ཆིན་ནཱ་ཝ་ཡིས་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཧ་ཅང་ཟབ་པོ་ཡོད་ལ་ངས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

   དེ་ཉིན་ཕེ་ཐུང་ཐན་གྱིས་འབྲེལ་ལམ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་ཐེ་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་མཛའ་གྲོགས་ཟབ་མོ་ནི་ཕན་ཚུན་ཡིད་ཆེས་དང་བརྩི་འཇོག་དང་། དར་རྒྱས་དང་གོང་འཕེལ་གྱི་ཐུན་མོང་གི་འདུན་པ་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དུང་སེམས་ཀྱི་འབྲེལ་བ་བཅས་ལས་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

    དུས་སང་ཀྲུང་ཐེ་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞིང་། ཕེ་ཐུང་ཐན་གྱིས“ངས་ཐེ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་རྒྱག་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ལ་2025ལོར་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་ཀྲུང་གོ་ཕྱོགས་དང་མཉམ་དུ་རྟེན་འབྲེལ་ཞུ་རྒྱུའི་རེ་སྒུག་ཀྱང་བྱེད་བཞིན་ཡོད”ཅེས་གསུངས་པ་རེད།