འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་30ཉིན།

༄༅།།རྒྱལ་ཁབ་འདིས་ཨ་རིར་སྐྱོན་བརྗོད་དྲག་པོ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་29ཉིན། 14:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་28ཉིན། ཧུང་ཏུའུ་ལ་སིའི་ཙུང་ཐུང་ཁ་སི་ཐེ་ལུའོ་ཡིས་གསལ་བསྒྲགས་སྤེལ་ནས། ཨ་རིས་ཧུང་ཏུའུ་ལ་སིའི་ནང་སྲིད་ལ་ཐེ་གཏོགས་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བ་རེད།

གནས་འཕྲིན་སྤེལ་བར་གཞིགས་ན། ཁ་སི་ཐེ་ལུའོ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ཨ་རིའི་ཐེ་གཏོགས་རིང་ལུགས་ཀྱི་སྲིད་ཇུས་ནང་ཧུང་ཏུའུ་ལ་སིར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དང་འཐུས་མི་གཞན་དག་བརྒྱུད། ཧུང་ཏུའུ་ལ་སིའི་ནང་སྲིད་ལ་འགོག་རྐྱེན་བཟོ་བའི་དམིགས་ཡུལ་ཚུད་ཡོད་པས་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་སྣང་མེད་དུ་བཞག་པ་དང་དེ་དང་འགལ་བའི་བྱ་སྤྱོད་དེ་རིགས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདག་དབང་དང་། རང་ཐག་རང་གཅོད་ཀྱི་དབང་ཆ། ཞི་བདེ་བཅས་ལ་གནོད་འཚེ་བཏང་བ་རེད་ཅེས་བཤད།

ཁ་སི་ཐི་ལུའོ་ཡིས་བཤད་རྒྱུར། ཧོང་ཏུའུ་ལ་སི་ཕྱི་འབྲེལ་པུའུ་ཀྲང་ལེ་ན་ལ་ཨ་རིའི་འཛིན་སྤྲོད་ཆིངས་ཡིག་ལས་ཕྱིར་འབུད་དགོས་པའི་བཀའ་ཕབ། ཉེ་ལམ། ཧུང་ཏུའུ་ལ་སི་རུ་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གིས་འདི་ལ་ལན་མ་བཏབ།