འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་30ཉིན།

༄༅།།ཨ་རིའི་སྤྱི་དམངས་92རྒྱལ་ཁོངས་སུ་ཡོང་མི་ཆོག་པའི་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་29ཉིན། 14:27】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་28ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཨ་རིའི་སྤྱི་དམངས་92རྒྱལ་ཁོངས་སུ་ཡོང་མི་ཆོག་པའི་ཁྱབ་བསྒྲགས་བྱས་པ་དེ་ཨ་རི་ཕྱོགས་ཀྱིས་ཨུ་རུ་སུར་དགྲ་འཛིན་གྱི་སྲིད་ཇུས་རྒྱུན་ཆད་མེད་པར་ལག་བསྟར་བྱས་པར་རྒོལ་ལན་བསློགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁོངས་སུ་ཡོང་བར་ཚོད་འཛིན་བྱས་པའི་མི་སྣའི་མིང་ཐོའི་ནང་ཨ་རིའི་རིམ་པ་ཁག་གི་ཁྲིམས་འཛིན་ལས་ཁུངས་དང་གསང་འཕྲིན་སྡེ་ཁག་གི་དཔོན་རིགས། ཨ་རིའི་དམག་དོན་བཟོ་ལས་ཁེ་ལས་ཀྱི་འགན་འཁུར་བ། དེ་བཞིན་ཡུག་རེན་གྱི་དམག་དཔུང་ལ་མཚོན་ཆ་མཁོ་འདོན་བྱེད་པ་མ་ཟད། ཡུག་རེན་སྲིད་གཞུང་ལ་རོགས་རམ་བྱེད་པའི་དངུལ་རྩའི་ལས་ཁུངས་ཀྱི་འགན་འཁུར་བ་བཅས་ཚུད་ཡོད་པ་མ་ཟད། ད་དུང་ཨུ་རུ་སུ་དང་ཨུ་རུ་སུའི་དམག་དཔུང་གི་ཆ་འཕྲིན་རྫུན་མ་བཟོ་བ་དང་ཁྱབ་སྤེལ་བྱེད་པར་ཞུགས་པའི་སྨྱན་སྦྱོར་མི་སྣ་ཡང་ཚུད་ཡོད། དེའི་ནང་ཨ་རིའི་བར་སྣང་དམག་སྤྱི་ཁང་གི་དམག་སྤྱི་ཧོའེ་ཐིན་དང་། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏམ་བཤད་པ་ཞི་སའེ་ཁེ་(Daniel R. Cisek)སོགས་ཚུད་ཡོད།