འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་29ཉིན།

༄༅།།ཨ་རིས་ཟིང་ཆ་བསླངས་མཁན་འདི་ལོ་4བཙོན་འཇུག་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་29ཉིན། 13:26】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་27ཉིན། ཨ་རིའི་ཝ་ཧྲིང་ཐོན་དམིགས་བསལ་ཁུལ་གྱི་ས་གནས་ཁྲིམས་ཁང་གི་ཁྲིམས་དཔོན་ཏི་མོ་ཞི·ཁའེ་ལི(Timothy J.Kelly)ཡིས་2021ལོའི་ཟླ་1ཚེས་6ཉིན་རྒྱལ་ཚོགས་རི་བོའི་ཟིང་ཆ་ལངས་རིང་རྒྱལ་ཚོགས་ཐོག་ཁང་དུ་འཛུལ་བའི་སྐྱེས་པ་མའེ་ཁེར·སི་ཕ་ཁེ་སི(Michael Sparks)ལ་ལོ་4ཟླ་5ཡི་བཙོན་འཇུག་དང་དངུལ་ཆད་ཨ་སྒོར་2000གཅོད་པ་ཁྱབ་བསྒྲགས་བྱས། ཞིབ་དཔྱོད་དཔོན་གྱིས་སི་ཕ་ཁེ་སིས་ཁྲིམས་ཆད་འཁུར་བའི་དུས་ཚད་ཐིམ་རྗེས་ད་དུང་ལོ་གསུམ་གྱི་བཙོན་ཁང་ཕྱི་རོལ་གྱི་ལྟ་རྟོག་དང་ལེན་བྱ་དགོས་ཞེས་བཤད་པ་རེད།

     2021ལོའི་ཟླ་1ཚེས་6ཉིན། ཐེ་རོན་ཕུའུ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རྒྱལ་ཚོགས་ཐོག་བརྩེགས་ཁང་ཆེན་ལ་ཕོག་ཐུག་བཏང་བས། གྲོས་ཁང་གོང་འོག་གཉིས་ཀྱིས་དམངས་གཙོ་ཏང་གི་གཡོད་སེ་ཧྥུའུ·པའེ་ཏེང་གིས་ཐེ་རོན་ཕུའུ་ཕམ་པར་བྱས་པའི་ཙུང་ཐུང་འདེམས་བསྐོར་ངོས་ལེན་བྱེད་པའི་མཉམ་འབྲེལ་ཚོགས་འདུའི་འཕེལ་རིམ་མཚམས་བཅད། ཟིང་ཆ་དེར་ད་དུང་རྒྱལ་ཚོགས་ཀྱི་ཉེན་རྟོག་པ་གཅིག་ཚུད་པའི་མི་5རྐྱེན་ལམ་དུ་ཤོར་བ་དང་མི་140ཙམ་ལ་རྨས་སྐྱོན་ཕོག་པ་རེད།