འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་29ཉིན།

༄༅།།ཕུའུ་ཅིང་གིས་དོན་འདིའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་28ཉིན། 15:23】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་27ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་དགུ་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནང་། ཨུ་རུ་སུ་ཕྱོགས་ཀྱིས་གླེང་མོལ་བྱེད་འདོད་ཡོད་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་ཚང་མ་དང་སྒོ་དབྱེའི་ལངས་ཕྱོགས་འཛིན་གྱི་ཡོད། དྲང་གཞག་གི་རྒྱལ་སྤྱིའི་འབྲེལ་བའི་མ་ལག་འཛུགས་པའི་ཐད། ཨུ་རུ་སུས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུ་འཕེལ་རྒྱས་ཧུར་ཐག་བྱས་ནས། དེར་བཀག་སྡོམ་དང་ཁ་ལོ་སྒྱུར་རིགས་མི་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། སྐབས་འདིའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་དེ་ཟླ་9པའི་ཟླ་འགོར་ཧྥུ་ལ་ཏེ་ཝོ་སི་ཐོ་ཁེ་རུ་འཚོག་རྒྱུ་རེད།