འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་28ཉིན།

༄༅།།ཀྲུང་གོའི་འཐུས་མིས་ཡུག་རེན་གྱི་ཉམས་ཉེན་ཐད་ཚོགས་འདུ་འཚོགས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་28ཉིན། 13:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཚེས་27ཉིན་གྱི་སྔ་དྲོ། ཀྲུང་གོའི་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤེ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མི་ལི་ཧུའེ་ཡིས་པེ་ཅིང་དུ་ཡུག་རེན་ཉམས་ཉེན་གྱི་རེས་སྐོར་བཞི་པའི་ཕར་འགྲོ་ཚུར་འོང་ཕྱི་འབྲེལ་སྐོར་གྱི་བརྡ་གཏོང་ཚོགས་འདུ་འཚོགས་ནས། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པར་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ལི་ཧུའེ་ཡིས། ཟླ་7ཚེས་28ཉིན་ནས་བཟུང་། པར་ཙིར་དང་། ལྷོ་ཨ་ཧྥེ་རི་ཁ། ཧིན་རྡུ་ཉི་ཞི་ཡ་བཅས་ལ་འཚམས་འདྲི་གནང་ནས། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་”ཀྱི་ཁོངས་མི་གལ་ཆེན་དང་ད་ལྟའི་གནས་བབ་དང་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ཐད་བསམ་འཆར་བརྗེ་རེས་སྔར་ལས་ལྷག་པར་གནང་བ་དང་། གནས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་གནང་བ་དང་བསྐྱར་དུ་ཞི་བའི་གྲོས་མོལ་བྱེད་པར་ཆ་རྐྱེན་གསོག་འཇོག་བྱས་པ་རེད།