འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་27ཉིན།

༄༅།།གནམ་གྲུ་འདིར་སྐྱོན་བྱུང་ནས་བསྐྱོད་མཚམས་བཞག་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་27ཉིན། 14:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཧན་གོ་ཅི་ཀྲོའུ་རྒྱལ་སྤྱིའི་གནམ་ཐང་ཕྱོགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་བརྡ་ཁྱབ་བཏང་བར། ཉིན་དེའི་ཆུ་ཚོད་20དང་སྐར་མ་55ཡི་ཐོག ཅི་ཀྲོའུ་ནས་ཅིན་ཕུའུ་རུ་འཕུར་བའི་ཏ་ཧན་མཁའ་འགྲུལ་གྱི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་KE1336འཕུར་བའི་ལམ་བར་དུ་གནམ་གྲུར་སྐྱོན་ཤོར་ནས་ཅི་ཀྲོའུ་གནམ་ཐང་གི་རྒྱུག་ལམ་དུ་བསྡད་པས། གནམ་ཐང་གི་དུས་གཏན་གནམ་གྲུ་ཁྱོན་ཡོངས་ནས་མཚམས་བཞག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེའི་ཆུ་ཚོད་23བར། ཅི་ཀྲོའུ་གནམ་ཐང་གི་རྒྱུག་ལམ་སྔར་བཞིན་བཀག་སྡོམ་གྱི་རྣམ་པར་གནས་ཡོད། དེ་སྔོན་ཅི་ཀྲོའུ་རུ་འབྱོར་རྒྱུ་གཏན་འཁེལ་ཡིན་པའི་དུས་གཏན་གནམ་གྲུ་8ཕྱིར་ལོག་པ་དང་། ཅི་ཀྲོའུ་གནམ་ཐང་ནས་འཕུར་བའི་དུས་གཏན་གནམ་གྲུ་29ཚང་མ་ནར་འགྱངས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དུས་གཏན་གནམ་གྲུ་KE1336ཐོག་འགྲུལ་པ་171ཡོད་པ་དེ་དག་མིག་སྔར་འགྲུལ་སྐྱེལ་གནམ་གྲུའི་ཐོག་ལུས་ཡོད་པ་རེད།

     ཅི་ཀྲོའུ་རྒྱལ་སྤྱིའི་གནམ་ཐང་གི་འབྲེལ་ཡོད་མི་སྣས་མིག་སྔར་གནམ་གྲུར་སྐྱོན་ཤོར་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་པ་དང་འབྲེལ་ཉམས་གསོ་བྱེད་བཞིན་ཡོད་ཅེས་བཤད་པ་རེད།