འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་27ཉིན།

༄༅།།ཙེ་ལན་སི་ཅི་ཡིས་ཡུག་རེན་ནས་ཨུ་རུ་སུའི་འཇབ་རྒོལ་ལ་ལན་སློག་རྩིས་ཡོད་ཅེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་27ཉིན། 13:57】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་26ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་རྒྱུན་ལྡན་གྱི་བརྙན་ལམ་ཐོག་གཏམ་བཤད་བྱེད་སྐབས་བཤད་དོན། ཉིན་དེར་ཡུག་རེན་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་སེར་སི་ཅི་དང་གཡུལ་སའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། དེ་བཞིན་ཨུ་རུ་སུའི་འཇབ་རྒོལ་ལ་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།

ཙེ་ལན་སི་ཅི་ཡིས་བཤད་དོན། འདས་ཟིན་པའི་ཉིན་གཅིག་ནང་ཁུར་སི་ཁེ་ས་ཁུལ་དུ་ཡུག་རེན་དམག་དཔུང་ལ་ཚོད་འཛིན་བྱེད་དབང་དེ་བས་མང་བ་ཐོབ་ཡོད། སེར་སི་ཅི་ཡིས་ཉིན་དེར་ད་དུང་ཏུན་ཉེ་སི་ཁེའི་གཡུལ་སའི་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། པོ་ཁེ་ལུའོ་ཧྥུ་སི་ཁེའི་ཁ་ཕྱོགས་ནི་སྔར་བཞིན་དཀའ་ངལ་ཆེ་ཤོས་ཡིན་པ་དང་། ཨུ་རུ་སུས་ཁ་ཕྱོགས་དེར་ཚུར་རྒོལ་དྲག་ཤོས་བྱེད་ཀྱི་ཡོད་ལུགས་བཤད་པ་རེད། ཡུག་རེན་དམག་དཔུང་གིས་ཁ་ཕྱོགས་དེའི་གཡུལ་ས་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།