འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་27ཉིན།

༄༅།།ཨ་རི་སོཊ་ཀྱིས་དོན་འདི་དང་ལེན་བྱས་མེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་27ཉིན། 13:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་8ཚེས་26ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

དྲི་བ། གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་8ཚེས་22ཉིན། ཝེ་ནེ་ཙུའེ་ལའི་ཆེས་མཐོའི་ཁྲིམས་ཁང་གིས་ཙུང་ཐུང་མཱ་ཏུའུ་ལུའོ་འདེམས་བསྐོ་ཆེན་མོའི་ཁྲོད་རྒྱལ་བའི་ཁྲུན་ཐག་བཅད་པ་ནས་བཟུང་། ཨུ་རུ་སུ་དང་ཁུ་པ། ནི་ཁ་ར་ཀྭ་སོགས་རྒྱལ་ཁབ་ཀྱིས་ཁྲུན་ཐག་བཅད་པའི་འབྲས་བུར་རྒྱབ་སྐྱོར་བྱས་མོད། འོན་ཀྱང་ཨ་རི་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་མང་པོ་ཞིག་གིས་དང་ལེན་བྱེད་ཀྱིན་མེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ།

དྲིས་ལན། ཝེ་ནེ་ཙུའེ་ལའི་འདེམས་བསྐོ་ཆེན་མོའི་སྐོར་ལ་ངས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ལངས་ཕྱོགས་ངོ་སྤྲོད་བྱས་ཟིན། ཝེ་ནེ་ཙུའེ་ལ་མི་དམངས་ཀྱིས་གདམ་ག་བྱས་པར་ཕྱོགས་ཁག་གིས་བརྩི་འཇོག་དང་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་རང་བདག་ངང་འཕེལ་རྒྱས་ཀྱི་ལམ་བུ་འདེམས་པའི་དབང་ཆར་བརྩི་འཇོག་བྱེད་དགོས་པ་མ་ཟད། ཝེ་ནེ་ཙུའེ་ལ་སྲིད་གཞུང་དང་མི་དམངས་ལ་རྒྱལ་ཁབ་ནང་ཁུལ་གྱི་ལས་དོན་ཐག་གཅོད་ཡག་པོ་བྱེད་པའི་ནུས་པ་ལྡན་པར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།