འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་26ཉིན།

༄༅།།ཨ་རིའི་ཙུང་ཐུང་གིས་མངའ་སྡེ་འདི་ཛ་དྲག་གི་གནས་སུ་གྱར་ཡོད་ལུགས་གླེང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་26ཉིན། 13:43】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་25ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཉིའུ་ཡོག་མངའ་སྡེ་ཛ་དྲག་གི་རྣམ་པར་སླེབས་པའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཉིའུ་ཡོག་མངའ་སྡེ་རུ་ཟླ་8ཚེས་18ནས་ཚེས་19ཉིན་བར་གྱི་རླུང་འཚུབ་ཚབས་ཆེན་དང་ཆུ་ལོག་ལས་བྱུང་བའི་ཛ་དྲག་གི་གནས་སུ་གྱར་བར་རྒྱལ་ཕྲན་མཉམ་འབྲེལ་གྱི་རོགས་སྐྱོར་བྱེད་དགོས་པའི་བཀའ་བཏང་བ་རེད།

    པའེ་ཏེང་གིས་རྒྱལ་ཁབ་ས་ཆ་བདེ་འཇགས་པུའུ་དང་རྒྱལ་ཕྲན་མཉམ་འབྲེལ་ཛ་དྲག་ལས་དོན་དོ་དམ་ཅུས་(FEMA)ལ་གེགས་སེལ་ལས་དོན་ཚང་མར་མཐུན་སྦྱོར་བྱ་རྒྱུའི་དབང་ཆ་སྤྲད་དེ་ཛ་དྲག་གི་གནས་ཚུལ་དེས་ས་གནས་དེ་གའི་གྲོང་མིར་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་དང་འབྲེལ་ཛ་དྲག་གི་བྱ་ཐབས་ལ་རོགས་སྐྱོར་འོས་འཚམ་བྱ་རྒྱུ་ཡིན་པ་རེད།