འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་26ཉིན།

༄༅།།རྒྱལ་ནང་གི་སྣུམ་གོང་ཆག་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་26ཉིན། 14:14】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་གོང་གི་འགྱུར་ལྡོག་ལྟར། ད་ལྟ་ལག་ལེན་བསྟར་བཞིན་པའི་སྣུམ་གྲུབ་མའི་རིན་གོང་ལམ་སྲོལ་ལ་གཞིགས་ཏེ། 2025ལོའི་ཟླ་7ཚེས་25ཉིན་གྱི་ཆུ་ཚོད་24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར་145དང་སྒོར་140དམའ་རུ་བཏང་ཡོད།

ཀྲུང་གོའི་རྡོ་སྣུམ་དང་། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར། ཀྲུང་གོའི་རྒྱ་མཚོའི་རྡོ་སྣུམ་བཟོ་ལས་ཚོགས་པ་ཀུང་སི་ཆེན་པོ་གསུམ་དང་། མ་བཅོས་རྡོ་སྣུམ་ལས་སྣོན་ཁེ་ལས་གཞན་དག་གིས་སྣུམ་གྲུབ་མ་ཐོན་སྐྱེད་དང་གཏོང་འདྲེན་སྒྲིག་འཛུགས་ཡག་པོར་བྱས་ནས། ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོར་བྱེད་དགོས། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཀྱི་རིགས་ཞིབ་བཤེར་ཐག་གཅོད་ནན་པོར་བྱས་ཏེ། རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། འཛད་སྤྱོད་པས་12315ལས་སྟེགས་བརྒྱུད་རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་ཆོག