འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་25ཉིན།

༄༅།།སྤྱི་བདེ་པུའུ་ཡིས་གསལ་བསྒྲཊ་གལ་ཆེན་སྤེལ་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་25ཉིན། 14:49】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7ཚེས་23ཉིན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་བདེ་འཇགས་རྡུང་རྡེག་དག་ཐེར་བྱ་སྤྱོད་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

གྲོས་ཚོགས་ཐོག་ནན་བཤད་གནང་དོན། རྡུང་རྡེག་དག་ཐེར་བྱེད་ཤུགས་སླར་ཡང་ཆེ་རུ་བཏང་སྟེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པ་དང་། ཆགས་སྲེད་དང་རྒྱན་འཛུགས། བཟའ་བཅའི་བདེ་འཇགས། ཡུལ་སྐོར་བདེ་འཇགས་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོར་བྱེད་པའི་གྱོད་གཞི་འཕྲལ་དུ་མྱུལ་ཞིབ་དང་། མགྱོགས་མྱུར་ཐག་གཅོད་བྱས་ནས་དུས་ཐོག་ཏུ་ལན་སློག་དགོས། ཆང་བཏུངས་རྗེས་ཟིང་ཆ་སློང་བ་དང་། རྒྱག་རེས་རྒྱག་པ། སྲང་ལམ་དུ་རླངས་འཁོར་འགྲན་རྒྱུགས་བྱེད་པ་སོགས་དབྱར་དུས་ཐོན་མང་བའི་གྱོད་གཞི་ཐོན་མ་ཐག་རྡུང་རྡེག་གཏོང་དགོས་པ་དང་། འཕྲལ་མར་མྱུལ་ཞིབ་རྩད་གཅོད་བྱེད་དགོས། གནད་དོན་དང་རྐྱེན་ངན་འབྱུང་གཞི་མངོན་གསལ་དོད་པའི་གཙོ་གནད་ས་ཁོངས་ལ་རྒྱུན་ཆད་མེད་པར་གཙང་བཤེར་བཅོས་སྒྲིག་བྱས་ཏེ་ཁོར་ཡུག་རྒྱུན་མཐུད་ངང་གཙང་སེལ་བྱེད་དགོས། སྐོར་གཡེང་སྔོན་འགོག་ཚོད་འཛིན་གནད་དམིགས་ཡང་དག་བྱེད་དགོས་པ་དང་། དབྱར་དུས་ཀྱི་བདེ་འཇགས་ཆོས་ཉིད་ཀྱི་ཁྱད་ཆོས་ལ་དོ་སྣང་ཟབ་མོར་བྱས་ཏེ། གཙོ་གནད་གནས་ཡུལ་དང་གཙོ་གནད་དུས་མཚམས་མངོན་གསལ་དོད་དུ་བཏང་ནས། སྐོར་གཡེང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་དབྱར་གྱི་མཚན་མོའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རྐྱེན་ངན་འབྱུང་གཞི་གྲལ་བཤེར་ཞིབ་ཚགས་བྱས་ཏེ། གཉེན་སྒྲིག་དང་དགའ་རོགས་སྒྲིག་པ། ཁྱིམ་ཚང་། ཁྱིམ་མཚེས། བུ་ལོན་སོགས་གྱི་འགལ་བ་དང་རྩོད་གཞིའི་རིགས་འབྲེལ་ཡོད་སྡེ་ཁག་དང་གཞི་རིམ་རྩ་འཛུགས་དང་མཉམ་དུ་གྲལ་བཤེར་གཏིང་ཟབ་བྱེད་དགོས། དབྱར་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཆེད་དོན་དག་ཐེར་གཏིང་ཟབ་ཏུ་གཏོང་བ་དང་། ལམ་ངོས་ཀྱི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། “ཚད་བརྒལ་གསུམ་དང་ངལ་དུབ་གཅིག་”དང་། ཆང་གིས་བཟི་ནས་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཞིབ་བཤེར་ཐག་གཅོད་ནན་པོར་བྱེད་དགོས་པ་དང་། གནམ་གཤིས་ངན་དུས་“མྱུར་ཚད་འགོར་དུ་གཏོང་བ་དང་། བར་ཐག་ཚོད་འཛིན། རླངས་འཁོར་མཇུག་གི་གློག་སྒྲོན་བསྒར་བ་”དང་ཁག་བགོས་སྣེ་ཁྲིད་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས།