འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་25ཉིན།

༄༅།།ཨ་རིས་ཐའེ་ཝན་ལ་མཚོན་ཆ་བཙོངས་པའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་25ཉིན། 14:48】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་7ཚེས་23ཉིན། ཕྱི་འབྲེལ་པུའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པས་“ཐའེ་ཝན་ས་ཁུལ་གྱིས་ཨ་རི་ནས་ཨ་སྒོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་ཀྱི་དམག་དོན་སྒྲིག་ཆས་ཉོས་ཡོད། དམག་ཆས་ཉོ་སྒྲུབ་དེ་དག་གིས་ཨ་རིའི་བཟོ་སྐྲུན་ལས་རིགས་དང་། བཟོ་ལས། ལག་རྩལ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། དེ་ནི་ཨ་རི་ནས་ཡོང་བའི་རྣམ་པ་གང་རུང་གི་དགེ་སྒྲུབ་རོགས་སྐྱོར་ཞིག་མིན་”ཞེས་བཤད་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

མའོ་ཉིང་གིས། ཨ་རིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཁ་གཡར་ནས། ཐའེ་ཝན་དམངས་ཚོགས་ཀྱི་རྔུལ་ཁྲག་ལས་རག་པའི་སྒོར་མོས་ཚོང་ལས་གཉེར་གྱི་ཡོད། ཨ་རིས་ཐའེ་ཝན་ལ་མཚོན་ཆ་བཙོངས་པ་དེ་ཀྲུང་གོ་གཅིག་གི་རྩ་དོན་དང་། ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལས་འགལ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།