འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་25ཉིན།

༄༅།།བལ་པོའི་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་25ཉིན། 14:35】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཚེས་24ཉིན། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། བལ་པོའི་ཉི་མའི་མཁའ་འགྲུལ་ཀུང་སིའི(Sourya Airlines)འགྲུལ་སྐྱེལ་གནམ་གྲུ་ཞིག་ཀ་ཏ་མན་རྡུའི་ཐེ་ལི་པུའུ་ཝན་རྒྱལ་སྤྱིའི་གནམ་ཐང་དུ་སར་ལྷུངས་པ་རེད། མིག་སྔར་རྐྱེན་ལམ་དུ་ཤོར་མཁན4ཡི་སྐུ་ཕུང་རྙེད་པ་དང་། རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད།

གནམ་ཐང་གི་དཔོན་རིགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲུལ་སྐྱེལ་གནམ་གྲུ་དེ་པོ་ཁེ་ལ་ནས་ཀ་ཏ་མན་རྡུར་འཕུར་སྐབས་སར་ལྷུངས་པ་དང་། གནམ་གྲུའི་ཐོག་གནམ་གྲུའི་ལས་དོན་མི་སྣ་ཚུད་པའི་ཁྱོན་མི་19ཡོད་པ་རེད།