འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་24ཉིན།

༄༅།།ཁོ་མོ་ཨ་རིའི་ཙུང་ཐུང་འདེམས་བསྐོར་ཞུགས་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་24ཉིན། 16:14】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཨ་རིའི་སྨྱན་སྦྱོར་གྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར། ཚེས་22ཉིན་ཙུང་ཐུང་གཞོན་པ་ཧ་ལི་སིར་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདང་ངེས་ཀྱི་རྒྱབ་སྐྱོར་ཐོབ་ནས། དམངས་གཙོ་ཏང་གི་ཙུང་ཐུང་འོས་མིའི་མིང་འདོན་གཞི་རྩའི་ཐོག་ནས་གཏན་འཁེལ་བྱས་པ་རེད།

པའེ་ཏེང་འདེམས་བསྐོ་ལས་ཕྱིར་འཐེན་བྱས་རྗེས། ཁོ་པའི་ས་ནས་ཧ་ལི་སིས་ལས་མི་ཆིག་སྟོང་ལྷག་ཙམ་ཡོད་པའི་འདེམས་བསྐོའི་ཚོགས་པ་དང་། དེ་བཞིན་ཟླ་6པའི་ཟླ་མཇུག་བར་ཨ་སྒོར་ཁྲི་9600ཙམ་གྱི་འདེམས་བསྐོའི་མ་དངུལ་རྒྱུན་འཛིན་བྱས་པ་རེད། པའེ་ཏེང་གི་“དངུལ་འཛིན་ཁེ་དབང་”ཐོབ་རྗེས་ཀྱི་ཆུ་ཚོད་24ཡི་ནང་། ཁོ་མོར་སླར་ཡང་ཞལ་འདེབས་རྒྱག་མཁན་ཁྲི་88.8ལྷག་ཙམ་གྱི་ས་ནས་ཞལ་འདེབས་ཨ་སྒོར་ཁྲི་8100ཐོབ་ཡོད་པ་རེད།