འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་23ཉིན།

༄༅།།རྒྱལ་ཁབ་འདིར་ནད་དཔེ་7000ལྷག་ཐོན་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་23ཉིན། 13:53】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 པར་ཙིར་འཕྲོད་བསྟེན་པུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལ་གཞིགས་ན། པར་ཙིར་གྱི་མངའ་སྡེ་16ནས་ཨའོ་ལུའོ་ཕུའུ་ཆེ་ཚ་བའི་ནད་ཕོག་པའི་ནད་དཔེ་ཤེས་རྟོགས་བྱུང་བ་དང་། ནད་ཕོག་པའི་ནད་པ་7000ལྷག་ཙམ་ཟིན་པ་དེ་ན་ནིང་ལོ་ཧྲིལ་པོར་ཐོ་འགོད་བྱས་པའི་ནད་པ་831ལས་ཆེས་ཆེར་བརྒལ་ཡོད་པ་རེད། ཉེ་ལམ། པར་ཙིར་འཕྲོད་བསྟེན་པུའུ་ཡིས་མངའ་སྡེ་མང་པོ་ཞིག་ལ་ནད་དུག་དེར་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་མ་ཟད། ཨའོ་ལུའོ་ཕུའུ་ཆེ་ཚ་ནད་ཕོག་ནས་ཤི་བའི་ནད་པ་4ལ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ། ཨ་མེ་རི་ཀ་གླིང་དབུས་མ་དང་ཨ་མེ་ཀ་གླིང་ལྷོ་མ། ཅ་ལེ་པི་རྒྱ་མཚོའི་ས་ཁུལ་བཅས་སུ་ཨའོ་ལུའོ་ཕུའུ་ཆེ་ཚ་ནད་མཆེད་པའི་ནད་དཔེ་ཤེས་རྟོགས་བྱུང་ཡོད། པར་ཙིར་འཕྲོད་བསྟེན་པུའུ་ཡི་གསལ་བསྒྲགས་ལ་གཞིགས་ན། ནད་ཡམས་དེ་པར་ཙིར་དུ་དུས་ཡུན་རིང་པོར་གནས་ཡོད། འོན་ཀྱང་དེའི་གོང་ལ་ནད་དུག་དེ་ཡཱ་མ་སོན་ས་ཁུལ་ཁོ་ནར་ཟིན་ཐོ་ཡོད་ལ། 2023ལོ་ནས་བཟུང་ས་ཁུལ་གཞན་དག་ཏུ་རྒྱ་ཆེར་མཆེད་ཡོད་པས་པར་ཙིར་གྱིས་ནད་ཡམས་དེའི་ཉེན་ཁའི་ཉེན་བརྡ་བཏང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཨའོ་ལུའོ་ཕུའུ་ཆེ་ཚ་ནད་ནི་གཙོ་བོ་སྦྲང་རིགས་ཀྱི་དུག་སྦྲང་བརྒྱུད་མཆེད་ཀྱི་ཡོད་པ་དང་། དུག་སྦྲང་དེ་རིགས་ཨེ་ཅིབ་ཀྱི་དབྱི་དུག་སྦྲང་ལས་ལྡབ་20ཡིས་ཆུང་བ་ཡོད་པ་རེད། ཨའོ་ལའོ་ཕུའུ་ཚ་ནད་ཀྱིས་མགོ་དང་ཤ་གནད། རུས་ཚིགས་བཅས་ན་ཟུག་སློང་ཞིང་། ཞོར་དུ་སྐྱུག་མེར་ལངས་པ་དང་གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། ཉེ་ལམ། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ནད་དུག་དེ་རིགས་ལ་དམིགས་པའི་ཕན་ལྡན་སྨན་སྔར་བཞིན་མེད།