འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་19ཉིན།

༄༅།།ཨུ་རུ་སུ་དང་ཡུག་རེན་གྱིས་དོན་འདི་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་19ཉིན། 14:35】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་17ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་ཨུ་རུ་སུ་དང་ཡུག་རེན་གྱིས་ཉིན་དེར་ཕན་ཚུན་བཀག་ཉར་བྱས་པའི་མི་སྣ་95རྩིས་སྤྲོད་བྱེད་རེས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཨུ་རུ་སུའི་རྒྱལ་སྲུང་པུས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཤད་དོན། གྲོས་མོལ་བྱས་པ་བརྒྱུད། བཀག་ཉར་བྱས་པའི་ཨུ་རུ་སུའི་དམག་མི་95ཡུག་རེན་ཕྱོགས་ཀྱི་ཚོད་འཛིན་ཁུལ་ནས་ཕྱིར་ལོག་བྱས་ཡོད། བརྗེ་རེས་ཀྱི་ངོས་ནས་ཨུ་རུ་སུས་ཡུག་རེན་ཕྱོགས་ལ་ཡུག་རེན་གྱི་དམག་མི་95རྩིས་སྤྲོད་བྱས་པ་རེད། གློད་བཀྲོལ་བཏང་བའི་ཨུ་རུ་སུའི་དམག་མི་མོ་སི་ཁོར་སྨན་བཅོས་བྱེད་པར་བསྐྱལ་རྒྱུ་རེད།

ཚེས་17ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཀྱང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ཉིན་དེར་བཀག་ཉར་བྱས་པའི་ཡུག་རེན་གྱི་དམག་མི་95ཨུ་རུ་སུ་ཕྱོགས་ནས་གློད་བཀྲོལ་བཏང་བྱུང་ཞེས་བཤད་པ་རེད།

2022ལོའི་ཟླ་3པ་ནས་བཟུང་། ཨུ་རུ་སུ་དང་ཡུག་རེན་གྱིས་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་ཐེངས་མང་བྱས་པ་རེད། ཡུག་རེན་ཕྱོགས་ཀྱི་བཀག་ཉར་མི་སྣའི་ལས་དོན་འགན་འཁུར་བའི་སྡེ་ཁག་གིས་མཁོ་འདོན་བྱས་པའི་གཞི་གྲངས་གསར་ཤོས་ལ་གཞིགས་ན། ཉེ་ལམ་བར། ཡུག་རེན་ཕྱོགས་ཀྱིས་ཁྱོན་མི་3405གློད་བཀྲོལ་བཏང་ཡོད།