འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་19ཉིན།

༄༅།།སྤུ་མདོག་དཀར་པོའི་གཙོད་ཐོག་མར་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་19ཉིན། 14:05】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ཚོ་ལུ་མ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་བདག་མེད་སྲོག་ཆགས་སྲུང་སྐྱོང་བས་སྐོར་གཡེང་བྱེད་པའི་ལམ་བར་དུ་གཙོད་ཕྲུག་དཀར་པོ་ཞིག་སྐྱོབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་བདག་མེད་སྲོག་ཆགས་སྲུང་སྐྱོང་བས་གཙོད་དཀར་པོ་མཐོང་བ་ཐོག་མ་ཡིན་པ་རེད། 2024ལོའི་ཟླ་6ཚེས་5ཉིན། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཁྱབ་བསྒྲགས་བྱས་པའི་《2023ལོའི་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས་》ལས་མངོན་པར། བོད་ལྗོངས་མངའ་ཁོངས་སུ་གཙོད་ཁྲི་30ལྷག་ཙམ་དུ་འཕར་ཡོད་པ་རེད།