འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་19ཉིན།

༄༅།།ཁུང་འབྲུག་འདིའི་འགྱུར་རྡོར་ཨ་སྒོར་ཁྲི་4400སྤྲད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་19ཉིན། 14:04】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཧ་ལམ་ཆ་ཚང་བའི་འབྲུག་གྲི་ཟེ་ཅན་གྱི་རུས་སྒྲོམ་འགྱུར་རྡོ་ཞིག་ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་ཨ་རིའི་ཉིའུ་ཡོག་ཏུ་ཨ་སྒོར་ཁྲི་4460ཡི་ཐོག་ནས་ཧབ་འཚོང་བརྒྱབ་པ་དང་། ཁུང་འབྲུག་གི་འགྱུར་རྡོའི་རིན་གོང་གང་མཐོར་འཚོང་བའི་རིན་གོང་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་པ་རེད།

   ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། འབྲུག་གྲི་ཟེ་ཅན་གྱི་རུས་སྒྲོམ་འགྱུར་རྡོའི་མིང་ལ་“རྩེ་མོ་”ཞེས་བརྗོད་པ་དང་། སྔོན་དཔག་བྱས་ན་ཚོང་འགྲིག་རིན་གོང་ཨ་སྒོར་ཁྲི་400ནས་ཁྲི་600བར་ཡིན་པ་རེད། དེ་ཉིན་ཧབ་ཚོང་སྐུལ་འགོ་ཚུགས་རྗེས། ཉོ་མཁན་མང་པོ་ཞིག་གིས་ཁ་པར་བརྒྱབ་ནས་ཧབ་ཚོང་སྐུལ་བའི་རིན་གོང་བཏོན་མཐར་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། དེ་སྔའི་ཟིན་ཐོ་རྒྱུན་འཁྱོངས་མཁན་ནི་མིང་ལ་“སི་ཐན་”ཞེས་པའི་བཙན་ཝང་འབྲུག་གི་རུས་སྒྲོམ་འགྱུར་རྡོ་ཞིག་ཡིན་པ་དང་། 2020ལོར་ཨ་སྒོར་ཁྲི་3180ཡི་ཐོག་ནས་ཧབ་འཚོང་བརྒྱབ་པ་རེད།

    ཞིབ་འཇུག་བྱས་འབྲས་ལས་མངོན་པར། “རྩེ་མོ་”ནི་ལོ་ངོ་དུང་ཕྱུར་1.46ནས་དུང་ཕྱུར་1.61བར་གྱི་མིའུ་ཐུང་དུས་རབས་ཀྱི་དུས་མཇུག་ཏུ་འཚོ་བའི་འབྲུག་གྲི་ཟེ་ཅན་རྒས་པོ་ཞིག་ཡིན་པ་དང་། ཚིགས་ནད་ཕོག་མྱོང་ཡོད་པ་རེད།