འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་19ཉིན།

༄༅།།རྒྱལ་ཁབ་15ཡིས་མཉམ་འབྲེལ་གསལ་བསྒྲཊ་སྤེལ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་18ཉིན། 14:58】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཚེས་15ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། ཅོར་ཏན། ཁེན་ནི་ཡ། ནི་ཀྲེ་རི་ཡ་སོགས་ཨེ་ཤ་ཡ་དང་ཧྥེ་གླིང་རྒྱལ་ཁབ་15ཡིས་སུའུ་ཏན་གྱི་གནས་བབ་ཐད་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། སུའུ་ཏན་གྱི་དྲག་པོའི་གདོང་གཏུག་དང་གཡུལ་འགྱེད་བྱེད་མཁན་ཕྱོགས་ཁག་གིས་དགྲར་འཛིན་བྱ་སྤྱོད་འཕྲལ་མར་མཚམས་འཇོག་བྱས་ཏེ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་། དེ་བཞིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། གསལ་བསྒྲགས་ནང་ད་དུང་ཕྱི་རྒྱལ་གྱི་སྟོབས་ཤུགས་ཚང་མས་སུའུ་ཏན་གྱི་གཡུལ་འགྱེད་ཕྱོགས་ཁག་ལ་དམག་དོན་དངོས་ཟོག་མཁོ་འདོན་དང་རྒྱབ་སྐྱོར་བྱེད་མཚམས་བཞག་ནས། གདོང་གཏུག་དང་ཛ་དྲག་གི་གནས་བབ་རིམ་སྤོར་བྱེད་པའི་བྱ་སྤྱོད་གང་རུང་སྤེལ་མི་རུང་བའི་རེ་འབོད་བྱས་པ་རེད།

གསལ་བསྒྲགས་ནང་། སུའུ་ཏན་གྱི་དྲག་པོའི་གདོང་གཏུག་བྱུང་རྗེས། རྒྱལ་ཁབ་དེའི་འབྲུ་རིགས་བདེ་འཇགས་ཀྱི་གནས་བབ་ཛ་དྲག་ཏུ་ཕྱིན་པ་དང་། ཉེ་ལམ་སུའུ་ཏན་བ་ཁྲི་2560ཙམ་ལ“འབྲུ་རིགས་བདེ་འཇགས་མེད་པའི”གནས་ཚུལ་ཚབས་ཆེན་འཕྲད་པའམ་ཡང་ན་དེ་བས་སྡུག་པའི་གནས་ཚུལ་འཕྲད་ཡོད་ཅེས་འཁོད་ཡོད་པ་རེད། གདོང་གཏུག་གིས་སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ལ་གནོད་པ་ཚབས་ཆེན་བཟོས་ཡོད། གསལ་བསྒྲགས་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕྲལ་མར་མཐུན་སྦྱོར་གཅིག་གྱུར་གྱི་ཁ་གཏད་གཅོག་ཐབས་སྤྱད་དེ་སུའུ་ཏན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སུའུ་ཏན་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་སྔར་བས་ཇེ་སྡུག་ཏུ་འགྲོ་བ་སྔོན་འགོག་བྱེད་པ་མ་ཟད། མཐར་སུའུ་ཏན་གྱི་དྲག་པོའི་གདོང་གཏུག་ཡུན་རིང་ཐག་གཅོད་ཐུབ་པ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།

2023ལོའི་ཟླ་4ཚེས་15ཉིན། སུའུ་ཏན་དྲག་ཆས་དཔུང་སྡེ་དང་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་གཉིས་བར་རྒྱལ་ས་ཁར་ཐུམ་དུ་དྲག་པོའི་གདོང་གཏུག་བྱུང་བ་དང་། དེའི་རྗེས་སུ་ས་ཁུལ་གཞན་དུ་ཁྱབ་ནས་ད་བར་རྒྱུན་མཐུད་ཡོད།