འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་18ཉིན།

༄༅།།ཨ་རིས་ལས་ཁུངས་འདིར་བརྟག་དཔྱད་བྱེད་འགོ་ཚུཊ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་18ཉིན། 13:52】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་ཨ་རིའི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཁབ་ས་ཆ་བདེ་འཇགས་པུའུ་ཕྱོགས་ཀྱིས་ཚེས་13ཉིན་ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུའུ་ཡི་བདམས་ཐོན་འགྲན་བསྡུར་འདུ་ཚོགས་ཐོག་ཨ་རིའི་དམིགས་བསལ་ཞབས་ཞུ་ཅུས་ཀྱི་བདེ་སྲུང་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད།

ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་གྱི་དགོང་མོར། ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུའུ་ཡིས་པིན་ཞི་ཧྥ་ཉི་ཡ་མངའ་སྡེ་རུ་འདེམ་བསྐོའི་འདུ་ཚོགས་འཚོགས་པའི་ཐོག་ལྐོག་གསོད་ཀྱི་དོན་རྐྱེན་བྱུང་བ་རེད། ཚེས་15ཉིན་ཨ་རིའི་དམིགས་བསལ་ཞབས་ཞུ་ཅུས་ཀྱིས་འདུ་འཛོམས་བྱ་ཡུལ་དུ་མེ་མདའ་རྒྱག་མཁན་སྔ་སྣུར་དུ་རྙེད་མ་ཐུབ་པའི་ཕྱི་ཕྱོགས་ཀྱི་སྐྱོན་བརྗོད་ལ་དགག་ལན་སློག་ནས། དོན་རྐྱེན་ཐོན་སྐབས་དམིགས་བསལ་ཞབས་ཞུ་ཅུས་ཀྱི་མི་སྣས་ཚུར་སྣང་ལན་ཆ་མྱུར་པོར་བྱས་ཏེ། མེ་མདའ་རྒྱག་མཁན་དུས་ཐོག་ཏུ་བསད་པ་མ་ཟད་ཐེ་རོན་ཕུའུ་ཡི་བདེ་འཇགས་སྲུང་སྐྱོང་བྱས་ཡོད་ཅེས་བཤད་པ་རེད། འོན་ཀྱང་། དམིགས་བསལ་ཞབས་ཞུ་ཅུས་ཀྱི་མགྲིན་ཚབ་པས་ཀྱང་དམིགས་བསལ་ཞབས་ཞུ་ཅུས་ཀྱིས་མེ་མདའ་རྒྱག་མཁན་གནས་སའི་སྐྲུན་དངོས་ལ་སྔོག་བཤེར་བྱས་མེད་པ་ཁས་བླངས་ནས། ས་ཁོངས་དེར་སྤྱིར་ས་གནས་དེ་གའི་ཁྲིམས་འཛིན་མི་སྣ་བཅའ་སྡོད་བྱེད་དགོས་ཞེས་བཤད་པ་རེད།

དོན་རྐྱེན་བྱུང་རྗེས། ཨ་རིའི་སྲིད་གཞུང་གིས་དོན་རྐྱེན་ལ་སྒེར་ཚུགས་ཀྱི་ཞིབ་བཤེར་བྱ་རྒྱུ་ཡིན་ཞེས་བཤད།