འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་8ཉིན།

༄༅།།ལི་ཆང་གིས་དབྱིན་ཇིའི་དབུ་བཞུཊ་བློན་ཆེན་གསར་པར་རྟེན་འབྲེལ་གློག་འཕྲིན་བཏང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 14:21】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་7ཚེས་7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅིར· སི་ཐ་མོ་ལ་གློག་འཕྲིན་བཏང་ནས། ཁོང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས།

ལི་ཆང་གིས། ཀྲུང་དབྱིན་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པས་རྒྱལ་ཁབ་གཉིས་པོས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོ་རང་བཞིན་གྱི་འགྲན་སློང་ལ་མཐུན་སྒྲིལ་ངང་ཁ་གཏད་གཅོག་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བཤད་པ་རེད། ཀྲུང་གོའི་སྲིད་གཞུང་གིས་ཀྲུང་དབྱིན་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། དབྱིན་ཇིའི་སྐབས་གསར་པའི་སྲིད་གཞུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། རང་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་འཛམ་གླིང་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།