འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་8ཉིན།

༄༅།།སྟོན་མོ་འདིའི་རིགས་སྤེལ་མི་ཆོག་ལ་ཞུགས་ཀྱང་མི་ཆོག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 14:18】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ད་ནི་སློབ་མཐར་ཕྱིན་པ་དང་སློབ་རིམ་འཕར་བའི་དུས་སྐབས་ཡིན་པས། སློབ་རིམ་འཕར་བའི་གསོལ་སྟོན་དང་དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན་སོགས་གསོལ་སྟོན་གཉེར་བཞིན་ཡོད། ས་ཆ་འགའ་རེར“རྒྱུགས་ཅི་འདྲ་ཞིག་བླངས་རུང་སློབ་རིམ་འཕར་བའི་གསོལ་སྟོན་བཤམས་དགོས་པ”དེ་གོམས་སྲོལ་ཞིག་ཏུ་གྱུར་ཡོད། ས་གནས་ཁག་གི་བཟའ་བཏུང་ཚོང་པས་ཀྱང་སློབ་རིམ་འཕར་བའི་གསོལ་སྟོན་གྱི་རིགས་སྣ་ཚོགས་བཏོན་ཡོད།

གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་རིམ་འཕར་བའི་སྟོན་མོ་ཁག་ཅིག་ནི་རྒྱུགས་སྤྲོད་སློབ་མས་ལོ་བཅུ་ལྷག་ཙམ་རིང་གི་དཀའ་སྤྱད་སློབ་སྦྱོང་མཇུག་བསྒྲིལ་ནས་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་པར་རྟེན་འབྲེལ་ཞུ་བ་དང་། སློབ་རིམ་འཕར་བའི་གསོལ་སྟོན་ལ་ལ་ནི་ཕ་མ་དང་གཉེན་ཉེ་བར་འགྲོ་འོང་བྱེད་ཆེད་སྤེལ་བ་ཡིན། ཉེ་ཆར། སྒྲིག་འགལ་གྱིས་གཉེར་བ་དང་སློབ་རིམ་འཕར་བའི་གསོལ་སྟོན་སོགས་ལ་ཞུགས་པའི་གསོལ་སྟོན་ལ་དམིགས་ཏེ། ས་གནས་མང་པོ་ཞིག་གི་འབྲེལ་ཡོད་སྡེ་ཁག་གིས་བཀག་འགོག་གི་བཀའ་བཏང་བ་མ་ཟད། ལྟ་སྐུལ་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ཡོད།