འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་8ཉིན།

༄༅།།5Gསྤྱད་ནས་ལོ་ལྔའི་རིང་དཔལ་འབྱོར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་5.6ཙམ་ལ་ཐད་ཀར་སྐུལ་ཁྲིད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 09:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 5Gསྤྱད་ནས་ལོ་ལྔའི་རིང་རང་རྒྱལ་གྱིས“སྔོན་འགྲོ་འོས་འཚམ་དང་འཛུགས་སྐྲུན་ལ་བརྟེན་ནས་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ”མཐའ་འཁྱོངས་ཀྱིས་5G“བསྐྲུན་པ་དང་། བེད་སྤྱོད། ཞིབ་འཇུག”བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས་5Gའཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གིས་ཚོད་རྩིས་བརྒྱབ་པར་གཞིགས་ན། 5Gཡིས་དཔལ་འབྱོར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་5.6ཙམ་ལ་ཐད་ཀར་སྐུལ་ཁྲིད་ཐུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

   5Gདྲ་རྒྱ་དེ“རྫོང་ཚང་མར་ཁྱབ་པ”ནས“གྲོང་ཚོ་ཚང་མར་ཁྱབ་པའི”བར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བཞིན་ཡོད། 90%ལྷག་ཙམ་གྱི་5Gསྦྲེལ་ཚུགས་མཉམ་སྐྲུན་མཉམ་སྤྱོད་མངོན་འགྱུར་བྱུང་བ་དང་5Gསྦྲེལ་ཚུགས་ཀྱི་ནུས་རྒྱུ་ཟད་གྲོན་ཚོང་སྤྱོད་ཐོག་མའི་དུས་ལས་20%ཆག་ཡོད་པ་རེད།

    5Gཚད་གཞིའི་དགོས་ངེས་ཀྱི་ཁེ་བེད་བདག་ཐོབ་གསལ་བསྒྲགས་བྱེད་ཚད་གོ་ལ་ཧྲིལ་པོའི་བསྡུར་ཚད་བཟུང་ཚད་ལས་42%བརྒལ་ནས་རྒྱལ་སྤྱིའི་ཚད་གཞིར་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

5Gདེ་གཏེར་འདོན་ལས་རིགས་དང་། གློག་ཤུགས། སྨན་བཅོས་སོགས་གཙོ་གནད་ལས་རིགས་སུ་གཞི་ཁྱོན་བསྐྱར་བཟོ་མངོན་འགྱུར་བྱུང་བ་དང་བཟོ་ལས་ཁྱབ་ཁོངས་ཀྱི་5Gསྤྱོད་རྒྱུ་དེ་ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་ཐོན་སྐྱེད་བཟོ་སྐྲུན་སོགས་ཀྱི་ལྷུ་ཚིགས་སུ་རིམ་བཞིན་མང་དུ་ཕྱིན་ནས་5G+AIསྤུས་ཚད་ཞིབ་བཤེར་སོགས་རིན་ཐང་མཐོ་བའི་བེད་སྤྱོད་རྣམ་པ་འཚོལ་ཞིབ་བྱས་ཡོད་པ་རེད།