འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།རིན་གོང་ཆེས་ཆེར་འཕར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 14:10】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་ཀུང་སིས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་7ཚེས་1ཉིན་ནས་བཟུང་། ཨོ་སི་ཁྲུ་ལི་ཡས་རྒྱལ་སྤྱིའི་སློབ་མའི་ཐོངས་མཆན་རེ་ཞུའི་གྲོན་དངུལ་ཨོ་སི་ཁྲུ་ལི་ཡའི་སྒོར་མོ་710ནས་ཨོ་སི་ཁྲུ་ལི་ཡའི་སྒོར་མོ་1600བར་མང་དུ་བཏང་བ་དེ་ཧ་ལམ་མི་དམངས་ཤོག་སྒོར་7727ཡིན་ལ། གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། གནས་འཕྲིན་སྤེལ་བའི་ནང་ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་སྲིད་ཇུས་གསར་པ་དེ་དང་བསྟུན་ནས་གནས་སྤོས་ཡུལ་མིའི་མི་གྲངས་ཉུང་དུ་གཏོང་བ་དང་། ཁང་བ་གླ་བའི་དགོས་མཁོ་ཇེ་ཉུང་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།