འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།བྱ་སྤྱོད་འདིའི་རིཊ་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 14:10】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་སྐད་འཕྲིན་སྤྱི་སྟེགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། དུས་སྐབས་ཤིག་རིང་། མངའ་ཁོངས་ཕྱི་རོལ་གྱི་“སྦྲུལ་མགོ་”དང་སྒྲིག་འཛུགས་པས་བསླུ་བྲིད་དང་བསྡུ་ལེན་བྱེད་པའི་འོག ཁྲིམས་འགལ་གནས་སྤོས་ཡུལ་མིའི་བྱེད་སྒོར་འཕེལ་ཕྱོགས་གསར་པ་ཐོན་པ་རེད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་དང་འབྲེལ་ཡོད་རྒྱལ་ཁབ་གནས་སྤོས་ཡུལ་མིའི་ཁྲིམས་འཛིན་སྡེ་ཁག་བར་བྲོས་བྱོལ་དུ་སོང་བའི་ཉེས་ཅན་འཛིན་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་ལྐོག་སྒྲོལ་མི་སྣ་ཕྱིར་ལོག་གཏོང་བ་སོགས་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་བྱས་ཏེ། ལྐོག་སྒྲོལ་བྱེད་སྒོའི་འཆར་འགོད་པ་དང་། སྒྲིག་འཛུགས་པ། ཁྲིམས་འགལ་ངང་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་བཅས་དེ་སྔའི་སྡོད་གནས་སུ་ཕྱིར་ལོག་བཏང་བ་མ་ཟད། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བཏང་བ་རེད།

ཀྲུང་གོའི་སྲིད་གཞུང་གིས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་བྱེད་ཕྱོགས་གཡོ་འགུལ་མེད་པར་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་རྒྱུན་ལྡན་བཞིན་འགྲོ་འོང་བྱེད་པར་ཁྲིམས་ལྟར་འགན་སྲུང་དང་སྐུལ་འདེད་བཏང་བ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ། ལྐོག་སྒྲོལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་དང་། ལྐོག་སྒྲོལ་བྱེད་སྤྱོད་སྒྲིག་འཛུགས་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ། གོ་ལ་ཧྲིལ་པོའི་ཁྲིམས་འགལ་གནས་སྤོས་ཡུལ་མི་བཅོས་སྐྱོང་བྱེད་པའི་ནང་ཧུར་ཐག་ཞུགས་ཡོད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག འབྲེལ་ཡོད་རྒྱལ་ཁབ་གཙོ་གཉེར་སྡེ་ཁག་དང་ཁྲིམས་འཛིན་དངོས་དོན་མཉམ་ལས་མུ་མཐུད་བྱས་ནས། རྒྱལ་སྤྱིའི་བར་གྱི་མི་སྣ་འགྲོ་འོང་གི་རྒྱུན་ལྡན་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། སྤེལ་རེས་དང་འགྲོ་འོང་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།