འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།ཀྲུང་གོས་ཐའེ་ཝན་གྱི་ཉ་གྲུ་ཞིག་བཀག་ཉར་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 14:08】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཧྥུའུ་ཅན་མཚོ་ཐོག་ཉེན་རྟོག་པས་ཆོན་ཀྲོའུ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཐའེ་ཝན་གྱི་ཉ་གྲུ་ཞིག་ལ་ཞིབ་བཤེར་བྱས་ནས་བཀག་ཉར་བྱས་པ་རེད། འབྲེལ་ཡོད་གནས་ཚུལ་གསལ་བཤད་གནང་རོགས་ཞེས་བཤད།

ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་དུས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ཤས་གོང་། ཧྥུའུ་ཅན་མཚོ་ཐོག་ཉེན་རྟོག་པས་ཆོན་ཀྲོའུ་མཚོ་འགྲམ་དུ་ཁྲིམས་འགལ་ངང་འཛིན་རྙབ་བྱས་པའི་དོགས་གཞི་ཡོད་པའི་ཐའེ་ཝན་གྱི་ཉ་གྲུ་ཞིག་ལ་ཁྲིམས་ལྟར་ཞིབ་བཤེར་དང་བཀག་ཉར་བྱས་པ་རེད། གྲུ་གཟིངས་དེས་དུས་ཚིགས་ཀྱི་ཉ་འཛིན་མཚམས་བཞག་པའི་གཏན་འབེབས་ལས་འགལ་ནས། སྒྲིག་འགལ་བྱས་ཏེ་དྲ་འཐེན་གྱི་ལས་ཀ་བྱས་པ་རེད། དེ་ནི་སྐམ་ས་ཆེན་མོའི་མཚོ་ཐོག་ཉེན་རྟོག་པས་རྒྱུན་ལྡན་གྱི་ཁྲིམས་འཛིན་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་འབྲེལ་ཡོད་མཚོ་ཁོངས་ཀྱི་ཉ་ལས་ཐོན་སྐྱེད་ཀྱི་སྒྲིག་ལམ་དང་། རྒྱ་མཚོའི་ཉ་ལས་ཐོན་ཁུངས། སྣོད་བཅུད་ཁོར་ཡུག་བཅས་སྲུང་སྐྱོང་བྱ་ཆེད་རེད། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་དང་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ་རེད།