འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།བོད་ཀྱིས་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་གྲངས་འཛིན་ཅན་ཕྱོགས་སྒྱུར་གྱི་མཐོ་རིམ་ཞིབ་སྦྱོང་འཛིན་གྲྭ་གཉེར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 13:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་གྲངས་འཛིན་ཅན་ཕྱོགས་སྒྱུར་གྱི་མཐོ་རིམ་ཞིབ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་བ་རེད། ད་ཐེངས་ཀྱི་ཞིབ་སྦྱོང་འཛིན་གྲྭ་ནི་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་གཙོ་གཉེར་དང་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་སྒྲུབ་འགན་འཁུར་ཞིང་། ཐེན་ཅིན་དང་། ཀན་སུའུ། ཧྲན་ཤིས། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་ཞིང་ལས་ཚན་རྩལ་ལས་དོན་པ་བརྒྱ་ཙམ་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་4ཡིན་པ་དང་། ཞིང་ལས་གྲོང་གསེབ་པུའུ་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་སོགས་ཚན་པའི་བསླབ་པ་རྒན་གྲས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་གྲངས་གཞི་ཆེ་གྲས་བེད་སྤྱོད་དང་། ཞིང་ལས་རིག་ནུས་སོན་གསོའི་ལག་རྩལ། ཞིང་ཁའི་རིག་ནུས་ལྟ་ཞིབ་ཚད་ལེན་ལག་རྩལ། ཞིང་ལས་ཚན་རྩལ་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། རིག་ལྡན་ཞིང་འབྲོག་ལས་ཀྱི་དཔེ་མཚོན་སོགས་ཀྱི་ཐད་ཆེད་དོན་འཆད་ཁྲིད་བྱས་ཤིང་དེའི་དམིགས་ཡུལ་ནི་དེང་རབས་ཅན་གྱི་ཞིང་ལས་ཤེས་བྱ་དང་རྩལ་ནུས་ལྡན་པའི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱ་ཆེད་ཡིན་པ་རེད།