འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།མཚོ་སྔོན་ཟི་ལིང་གི་ཕྱི་ཕྱོགས་ཉོ་ཚོང་ལེགས་འཕེལ་གྱི་རྣམ་པ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 13:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པར་ཟི་ལིང་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་ལྔ་པའི་བར། ཟི་ལིང་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་16ལས་བརྒལ་ནས་དུས་མཚུངས་ལས་1.3%འཕར་བ་དེས་དུས་མཚུངས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི་82%བཟུང་ནས་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

མིག་སྔར། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཁབ་དང་ས་ཁུལ་89དང་ཉོ་ཚོང་བྱེད་ཀྱི་ཡོད་ལ། ཚོང་ཟོག་གཙོ་བོ་སྭེལ་ལྕགས་དང་ལྕགས་རིགས་གཏེར་སོགས་ཡིན་པ་རེད། གྲོང་ཁྱེར་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་པོ་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་གྲུབ་འབྲས་ཐོབ་པའི་ཁེ་ལས་89ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་ཁེ་ལས་7མང་དུ་ཕྱིན་པ་དང་། དེའི་ནང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་ཆིག་སྟོང་ཡན་ཟིན་པའི་ཁེ་ལས་28ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་ཁེ་ལས་3མང་དུ་ཕྱིན་ཡོད་པ་རེད། དབྱར་རྩྭ་དགུན་འབུ་དང་། རང་བྱུང་སྦྲང་རྩི། འདྲེ་ཚེར་མ་སོགས་གནོད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར་1.3ཙམ་ཟིན་ཡོད་པ་རེད།