འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ནང་ཁུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས།

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 13:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

2023ལོའི་ཟླ་12ཚེས་31ཉིན་བར། བོད་རང་སྐྱོང་ལྗོངས་ཡོངས་སུ་ཏང་ཡོན་བསྡོམས་འབོར་ཁྲི་45.93ཟིན་པ་དེ་2022ལོའི་ལོ་མཇུག་ལས་ཁྲི་1.32འཕར་ནས་འཕར་ཚད་2.96%ཟིན་ཡོད།

བོད་རང་སྐྱོང་ལྗོངས་ཡོངས་སུ་ད་ཆ་ཏང་གི་གཞི་རིམ་རྩ་འཛུགས་ཁྲི་2.37ཡོད་པ་དེ་2022ལོའི་ལོ་མཇུག་ལས་ཁྲི་0.07འཕར་ནས་འཕར་ཚད་3.04%ཟིན་ཞིང་། དེའི་ནང་གཞི་རིམ་ཏང་ཨུད་ཁྲི་0.16དང་། སྤྱི་ཁྱབ་ཀྲི་པུའུ་ཁྲི་0.11 ཀྲི་པུའུ་ཁྲི་2.10བཅས་ཡོད།

གཅིག ཏང་ཡོན་དཔུང་ཁག་གི་གནས་ཚུལ།

ཏང་ཡོན་ཕོ་མོའི་དབྱེ་བ་དང་། མི་རིགས། སློབ་རྒྱུས་བཅས་ཀྱི་སྐོར། བུད་མེད་ཏང་ཡོན་ཁྲི་14.30ཟིན་པ་དེས་31.13%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་36.64ཟིན་པ་དེས་79.77%བཟུང་ཡོད། ཆེད་ཚན་སློབ་གྲྭ་ཆེ་མོ་བ་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་19.74ཟིན་པ་དེས་42.98%བཟུང་ཡོད།

ཏང་ཡོན་གྱི་ལོ་ཚད་སྐོར། ལོ་30དང་དེ་མན་གྱི་ཏང་ཡོན་ཁྲི་13.14དང་། ལོ་31ནས་ལོ་35བར་གྱི་ཏང་ཡོན་ཁྲི་8.79 ལོ་36ནས་ལོ་40བར་གྱི་ཏང་ཡོན་ཁྲི་6.70 ལོ་41ནས་ལོ་45བར་གྱི་ཏང་ཡོན་ཁྲི་4.72 ལོ་46ནས་ལོ་50བར་གྱི་ཏང་ཡོན་ཁྲི་3.90 ལོ་51ནས་ལོ་55བར་གྱི་ཏང་ཡོན་ཁྲི་3.01 ལོ་56ནས་ལོ་60བར་གྱི་ཏང་ཡོན་ཁྲི་2.13 ལོ་61དང་དེ་ཡན་གྱི་ཏང་ཡོན་ཁྲི་3.53བཅས་ཡོད།

ཏང་ཡོན་གྱི་ཏང་ནང་དུ་ཞུགས་པའི་དུས་ཚོད་ཀྱི་སྐོར། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ནང་ཞུགས་མཁན་1དང་། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གོང་བར་ཏང་ནང་ཞུགས་མཁན་ཁྲི་1.93 ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གོང་བར་ཏང་ནང་ཞུགས་མཁན་ཁྲི་23.16 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ནང་ཞུགས་མཁན་ཁྲི་20.83བཅས་ཟིན་གྱི་ཡོད།

ཏང་ཡོན་གྱི་ལས་རིགས་སྐོར། བཟོ་པ(ལས་བཟོ་དང་ལག་རྩལ་མི་སྣ)ཁྲི་1.68དང་། ཞིང་འབྲོག་པ་ཁྲི་20.87 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་6.44 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་མི་སྣ་ཁྲི་2.00 ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཁྲི་9.61 སློབ་མ་ཁྲི་0.38 ལས་རིགས་གཞན་དག་གི་མི་སྣ་ཁྲི་1.53 ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྲི་3.41བཅས་ཡོད།

གཉིས། ཏང་ཡོན་འཕེལ་རྒྱས་ཀྱི་གནས་ཚུལ།

2023ལོར་ཏང་ཡོན་ཁྱོན་བསྡོམས་ཁྲི་1.74འཕེལ་རྒྱས་བཏང་ཡོད།

ཏང་ཡོན་གྱི་ཕོ་མོའི་དབྱེ་བ་དང་། མི་རིགས། ལོ་ཚད། སློབ་རྒྱུས་བཅས་ཀྱི་སྐོར། བུད་མེད་ཏང་ཡོན་ཁྲི་0.80འཕེལ་རྒྱས་བཏང་བ་དེས་45.98%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་1.26འཕེལ་རྒྱས་བཏང་བ་དེས་72.41%བཟུང་ཡོད། ལོ་35དང་དེ་མན་གྱི་ཏང་ཡོན་ཁྲི་1.51འཕེལ་རྒྱས་བཏང་བ་དེས་86.78%བཟུང་ཡོད། ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་1.02འཕེལ་རྒྱས་བཏང་བ་དེས་58.62%བཟུང་ཡོད།

གསར་དུ་ཏང་ནང་ཞུགས་མཁན་གྱི་ལས་རིགས་ཀྱི་སྐོར། བཟོ་པ(ལས་བཟོ་རྩལ་ནུས་མི་སྣ)ཁྲི་0.11དང་། ཞིང་འབྲོག་པ་ཁྲི་0.46 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་0.41 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་མི་སྣ་ཁྲི་0.11 ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཁྲི་0.21 སློབ་མ་ཁྲི་0.20 ལས་རིགས་གཞན་དག་གི་མི་སྣ་ཁྲི་0.23བཅས་ཡོད། ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོར་ཏང་ཡོན་ཁྲི་1.52འཕེལ་རྒྱས་བཏང་ཡོད།

གསུམ། ཏང་ནང་ཁུལ་གྱི་གཟེངས་བསྟོད་གནས་ཚུལ།

2023ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་903དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་4703 ཕུལ་བྱུང་ཏང་དོན་ལས་དོན་པ་1696བཅས་ལ་གཟེངས་བསྟོད་བྱས་པ་རེད། ལོ་ཧྲིལ་པོར“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་གསོའི་རྟགས་མ་1948སྤྲད་པ་རེད།

བཞི། ཏང་ཞུགས་རེ་འདུན་ཞུས་པའི་གནས་ཚུལ།

2023ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཏང་ཞུགས་རེ་འདུན་ཞུ་མཁན་ཁྲི་4.25དང་ཏང་ཞུགས་ཧུར་བརྩོན་ཅན་ཁྲི་3.00ཡོད་པ་རེད།

ལྔ། ཏང་རྩ་འཛུགས་ཀྱི་གནས་ཚུལ།

ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་སྐོར། ལྗོངས་ཡོངས་སུ་ཏང་གི་རིམ་ཁག་ས་གནས་ཨུ་ཡོན་ལྷན་ཁང་81ཡོད། དེའི་ནང་རང་སྐྱོང་ལྗོངས་ཏང་ཨུད་1དང་། གྲོང་ཨུད་6 རྫོང(ཆུས་དང་གྲོང་ཁྱེར)ཨུད་74བཅས་ཡོད།

གྲོང་ཁྱེར་གྱི་ཁྲོམ་གཞུང་དང་། ཤང་གྲོང་། སྡེ་ཁུལ། སྲིད་འཛིན་གྲོང་ཚོ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་སྐོར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་ཁྲོམ་གཞུང་30དང་། ཤང་གྲོང་676 སྲིད་འཛིན་གྲོང་ཚོ་5284བཅས་སུ་ཏང་རྩ་འཛུགས་བཙུགས་ནས་ཁྱབ་ཚད་100%ཟིན་པ་དང་། ལྗོངས་ཡོངས་ཀྱི་སྡེ་ཁུལ་303དུ་ཏང་རྩ་འཛུགས་བཙུགས་ནས་ཁྱབ་ཚད་98.38%ཟིན་ཡོད།

ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཏང་རྩ་འཛུགས་ཀྱི་སྐོར། ལྗོངས་ཡོངས་སུ་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.75དང་། བྱ་གཞག་ཚན་པའི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.29 ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.23 སྤྱི་ཚོགས་རྩ་འཛུགས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.05བཅས་ཡོད་པ་དང་རྩ་འཛུགས་འཛུགས་དགོས་རིགས་ཚང་མར་གཞི་རྩའི་ཆར་བཙུགས་ཡོད་པ་རེད།

(ཟུར་མཆན། སྤྱི་བསྒྲགས་འདིའི་བསྡོམས་གྲངས་ཁག་གཅིག་གམ་ཡང་ན་བལྟོས་བཅས་ཀྱི་གྲངས་ཀ་རྩིས་གཞི་མི་འདྲ་བའི་དབང་གིས་རྩིས་རྒྱག་གི་ནོར་ཆད་ཚང་མར་འཕྲུལ་ཆས་ཀྱིས་ལེགས་སྒྲིག་བྱས་མེད)

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

(ལྷག་ཚེས་བསྒྱུར། པད་ཆོས་ཀྱིས་ཞུས)