འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།དུས་རབས་གསར་པའི་དམངས་ཁྲོད་རིག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 10:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་དམངས་ཁྲོད་རྩོམ་རིག་ཚན་ཁག་ཆེན་པོའི་དཔེ་སྐྲུན་འདུ་འགོད་ཀྱི་འགོ་ཁྲིད་ཚོགས་ཆུང་། ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་དུས་རབས་གསར་པའི་དམངས་ཁྲོད་རིག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཀྲུང་གོ་རིག་རྩལ་མཁས་པའི་ཁྱིམ་གཞིས་སུ་འཚོགས་པ་རེད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག“རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་ཁྲོད་རིག་རྩལ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་བསམ་ཕྱོགས་གསར་པ་དང་། ལམ་སྲོལ་གསར་པ། རྣམ་པ་གསར་པ། བྱེད་ཐབས་གསར་པ་བཅས་འཚོལ་ཞིབ་བྱས་ནས། དུས་རབས་གསར་པའི་དམངས་ཁྲོད་རིག་རྩལ་གྱི་སྤུས་ཚད་མཐོ་བའི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས” ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་དུས་རབས་གསར་པར་དམངས་ཁྲོད་རིག་རྩལ་གྱི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་སྐུལ་འདེད་གཏོང་ཆེད་རེད།

   ཚོགས་ཞུགས་རིགས་གཅིག་མཁས་ཅན་ཚོས་དམངས་ཁྲོད་རྩོམ་རིག་དང་། སྒྱུ་རྩོམ་རིག་པ། མཛེས་རྩལ་རིག་པ། ལོ་རྒྱུས་རིག་པ། མིའི་རིགས་རིག་པ། དམངས་སྲོལ་རིག་པ་སོགས་ཀྱི་མཐོང་ཚོར་བརྒྱུད། གསོན་ཉམས་ལྡན་པའི་ཞིང་ཐང་གི་དཔེ་མཚོན་དང་ཞིབ་ཕྲའི་སྒྱུ་རྩལ་ལག་ལེན་ཟུང་དུ་འབྲེལ་ནས“དམངས་ཁྲོད་རིག་རྩལ་གྱི་དུས་རབས་ཀྱི་ནང་དོན”དང་། “དམངས་ཁྲོད་རིག་རྩལ་གྱི་གསར་གཏོད་རང་བཞིན་གྱི་གཞན་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས”“དམངས་ཁྲོད་རིག་རྩལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས”“དམངས་ཁྲོད་རྩོམ་རིག་དང་མངོན་མིན་རིག་གནས་ཤུག་བཞག་རིག་པའི་རིག་ཚན་འཛུགས་སྐྱོང”སོགས་ཀྱི་འབྲེལ་ཡོད་གྲོས་གཞིར་དཔྱད་བསྡུར་གཏིང་ཟབ་བྱས་པ་རེད།