འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།《གྲངས་འཛིན་ཀྲུང་གོའི་འཕེལ་རྒྱས་ཀྱི་སྙན་ཞུ (2023ལོ)》ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 10:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ཉིན། རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས《གྲངས་འཛིན་ཀྲུང་གོའི་འཕེལ་རྒྱས་ཀྱི་སྙན་ཞུ(2023ལོ)》ཆ་ཚང་དངོས་སུ་ཡོངས་བསྒྲགས་བྱས་པ་རེད།

   སྙན་ཞུའི་ནང་འཁོད་པར། 2023ལོར་གྲངས་འཛིན་ཀྲུང་གོའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ནས། གོང་འོག་མཉམ་འགུལ་དང་འཕྲེད་ཕྱོགས་མཐུན་སྦྱོར་གྱི་རྒྱལ་ཡོངས་གྲངས་གཞིའི་ལས་དོན་གྱི་མ་ལག་རགས་ཙམ་གྲུབ་ཡོད་པ་དང་། གྲངས་འཛིན་ཀྲུང་གོའི་ནུས་པའི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། གྲངས་འཛིན་དཔལ་འབྱོར་འཕར་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་པ། གྲངས་འཛིན་བདེ་འཇགས་དང་བཅོས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། གྲངས་འཛིན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད།

   སྙན་ཞུའི་ནང་བསྟན་དོན། 2024ལོར་རྒྱང་ལྟ་བྱེད་སྐབས་གྲངས་འཛིན་ཀྲུང་གོའི་འཕེལ་རྒྱས་སྔར་བས་སྤུས་ཚད་མཐོ་བ་དང་མྱུར་ཚད་མགྱོགས་སུ་འགྲོ་རྒྱུ་ཡིན་ཞིང་། གྲངས་འཛིན་ལག་རྩལ་དང་གྲངས་གཞིའི་གྲུབ་ཆར་མཐུན་འགྱུར་ཟབ་མོའི་འཕེལ་རྒྱས་བྱུང་བ་དེ་གྲངས་འཛིན་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་འཕར་གནས་གསར་པ་ཞིག་ཏུ་འགྱུར་རྒྱུ་དང་། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་སྔར་བས་མཉམ་འདྲེས་གཏིང་ཟབ་བྱུང་སྟེ། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་རང་རྒྱལ་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གང་མགྱོགས་གཏོང་བ་དང་གོམ་སྟབས་གཅིག་གྱུར་དང་མཐུན་སྦྱོར་ཤུགས་འདོན་བྱས་ནས་སྤུས་ཚད་དང་། ལས་ཆོད། སྒུལ་ནུས་བཅས་ཀྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།