འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་21ཉིན།

༄༅།།“འཕྲེད་རྒྱུག་སྦས་ལུང”དུ་བསྐྱོད་དེ་ ས་མཐོའི་གསང་བ་བརྟོལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་21ཉིན། 13:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཟླ་6ཚེས་13ཉིན། ཧང་ཀྲོའུ་བཟོ་རྩལ་མཛེས་རྩལ་རྟེན་མཛོད་ཁང་དུ་གྲ་སྒྲིག་འགྲེམས་སྟོན་བྱས་པའི“འཕྲེད་རྒྱུག་སྦས་ལུང·སི་ཁྲོན་དཀར་མཛེས་ཀྱི་རིག་གནས་འགྲེམས་སྟོན”ལ་ལྟད་མོ་ལྟ་མཁན་མི་ཉུང་བ་ཞིག་སླེབས་ཡོད།

འདི་ནི་འགྲེམས་ཁང་གི་འགྲེམས་དངོས་ཡིན་པ།

འདི་ནི་འགྲེམས་ཁང་གི་འགྲེམས་དངོས་ཡིན་པ།

   འགྲེམས་སྟོན་དེས་ས་མཐོའི་འཚོ་སྡོད་དང་། ས་མཐོའི་འཚོ་བ། གངས་ལྗོངས་ཀྱི་བཟོ་བོའི་བློ་ཐབས། སྒྱུ་རྩལ་རྒྱུན་འཛིན་པ་གསར་པ་བཅས་ལེའུ་བཞི་ལ་དབྱེ་ཡོད། དངོས་པོ་དང་། པར་རིས། དཔེ་དབྱིབས་བཅས་མང་དག་ཅིག་དང་རྣམ་པ་འདྲ་བཟོ་བྱས་པ་བརྒྱུད། འཕྲེད་རྒྱུག་རི་རྒྱུད་ཀྱི་རི་སུལ་དུ་གནས་པའི་དཀར་མཛེས་ཀྲོའུ་ཡི་ཐུན་མོང་མ་ཡིན་པའི་རྣམ་པ་མངོན་པ་དང་། ཤེས་མཁན་ཉུང་བའི་ཡུལ་དེའི་ས་ཁམས་ཀྱི་ཁྱད་ཆོས་དང་། འཚོ་གནས་ཁོར་ཡུག མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སྒྱུ་རྩལ་སོགས་ཐད་ཀྱི་གསང་བ་བརྟོལ་ནས་ཧང་ཀྲོའུ་ཡི་གྲོང་མི་དེ་བས་མང་བར་གངས་ལྗོངས་ས་མཐོའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཡོད།

འདི་ནི་ལྟད་མོ་བ་ཚོས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

འདི་ནི་ལྟད་མོ་བ་ཚོས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།