འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་17ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། སློབ་གསོ་པུའུ་སོགས་སྡེ་ཚན་གྱི《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱེད་ཐབས》བརྒྱུད་བསྐུར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་17ཉིན། 14:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སློབ་གསོ་པུའུ་སོགས་སྡེ་ཚན་གྱི《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱེད་ཐབས》(གཤམ་དུ《ལག་བསྟར་བྱེད་ཐབས》ཞེས་བསྡུ་རྒྱུ)བརྒྱུད་བསྐུར་བྱས་པ་རེད།

《ལག་བསྟར་བྱེད་ཐབས》ནང་བཏོན་དོན། 2024ལོ་ནས་བཟུང་རྒྱལ་ཁབ་ཀྱིས་སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་དྲུག་ཏུ་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ(དངོས་གཞིའི་ཚན་ཁག་ལོ་4དང་སློབ་གསོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ལོ་2ཡིན་པ)ལག་བསྟར་བྱས་ཏེ་ཆ་རྐྱེན་དང་མཐུན་པའི་གཞུང་གྲོན་དགེ་འོས་སློབ་མས་སློབ་གྲྭ་དེ་གའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གསོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མི་དགོས་པར་སློབ་སྦྱོང་བྱེད་པ་དང་དེ་རྗེས་དགེ་རྒན་བྱ་རྒྱུའི་ཁ་ཆད་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད། པུའུ་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱིས་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་གཞུང་གྲོན་དགེ་འོས་སློབ་མ་བསྡུ་སྐབས་སྔ་སྣུར་གྱི་ཁག་ཐེངས་ནང་ནས་བསྡུ་རྒྱུ་དང་གཙོ་གནད་ནི་དབུས་ནུབ་ས་ཁུལ་གྱི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཕུད་པའི་ས་ཁུལ(གྲོང་ཁྱེར་དང་། ཀྲོའུ། མོང)དང་དེ་བཞིན་དེ་མན་གྱི་སྲིད་འཛིན་ས་ཁོངས་སུ་ཞིབ་འཇུག་སློབ་མའི་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྐྱོང་བྱས་ཏེ་ཞིང་ཆེན་གྱི་ས་ཁོངས་སུ་ཕུལ་བྱུང་དགེ་རྒན་བཀོད་སྒྲིག་ཚགས་ཚུད་བྱ་རྒྱུ་རེད། དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་གཞུང་གྲོན་དགེ་འོས་སློབ་མས་ཞིབ་འཇུག་སློབ་མའི་ལོ་རིམ་དང་པོའི་སློབ་ཚན་སློབ་སྦྱོང་མཇུག་འགྲིལ་རྗེས་དངོས་གཞིའི་ཚན་ཁག་ནས་བཟུང་གི་ཕྱོགས་བསྡུས་དཔྱད་ཞིབ་བྱས་འབྲས་ཀྱི་རིམ་པ་གཞིར་བཟུང་བསྡུས་པའི་ལོ་དེར་ཡོངས་བསྒྲགས་བྱས་པའི་སློབ་མ་གནས་སའི་ཞིང་ཆེན་གྱི་དགེ་རྒན་བྱ་རྒྱུའི་ཁ་ཆད་བྱ་ཡུལ(གྲོང་ཁྱེར་དང་། ཀྲོའུ། མོང)གྱི་ཁྱབ་ཁོངས་ནང་གདམ་ག་བྱེད་པ་དང་སློབ་གྲྭ་ཐོན་རྗེས་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ལས་དོན་ལོ་6ཡན་སྒྲུབ་དགོས་པ་བཅས་རེད།

《ལག་བསྟར་བྱེད་ཐབས》ནང་བླང་བྱ་བཏོན་དོན། དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་གཞུང་གྲོན་དགེ་འོས་སློབ་མ་བསྡུ་བ་དང་གསོ་སྐྱོང་བྱ་རྒྱུ་དེ་དགེ་རྒན་ལས་གནས་ཀྱི་དགོས་མཁོ་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས་པ་དང་ས་གནས་ཁག་གིས་སྤྱི་འདོམས་འཆར་འགོད་བྱས་ཏེ་གཉིས་མོས་གདམ་ག་སོགས་ཀྱི་བྱེད་སྟངས་བརྒྱུད་སློབ་གྲྭ་ཐོན་པའི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་གཞུང་གྲོན་དགེ་འོས་སློབ་མ་ཚང་མར་དགེ་རྒན་བྱ་ཡུལ་སློབ་གྲྭ་དང་ལས་གནས་དོན་འཁྱོལ་ཏན་ཏིག་བྱེད་དགོས། པུའུ་ཁོངས་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱིས་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་གཞུང་གྲོན་དགེ་འོས་སློབ་མའི་ལས་ཞུགས་རྗེས་ཀྱི་ཆེད་ལས་འཕེལ་རྒྱས་ཀྱི་རྗེས་འདེད་ཞབས་ཞུའི་ལམ་སྲོལ་བཙུགས་ནས་མུ་མཐུད་རྒྱབ་སྐྱོར་བྱེད་དགོས། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ས་གནས་ཁག་གིས་ལོ་ལྔར་དུས་འཁོར་རེ་བྱས་པའི་ཆེད་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཇུས་གཞི་བཟོས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་གཞུང་གྲོན་དགེ་འོས་སློབ་མ་རྣམས་རྨང་གཞིའི་སློབ་གསོའི་སྣེ་ཁྲིད་ཤེས་ལྡན་པ་དང་སློབ་གྲྭ་འབྲིང་ཆུང་གི་འགོ་ཁྲིད་མི་སྣར་འཚར་ལོངས་ཡོང་རྒྱུར་གསོ་སྐྱོང་བྱས་ཏེ། ས་གནས་ཀྱི་རྨང་གཞིའི་སློབ་གསོའི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

《ལག་བསྟར་བྱེད་ཐབས》ནང་ད་དུང་དངོས་གཞི་དང་ཞིབ་འཇུག་འབྲེལ་མཐུད་སློབ་སྦྱོང་བྱེད་པའི་གཞུང་གྲོན་དགེ་འོས་སློབ་མ་དེའི་ནང་ཞུགས་པ་དང་ཕྱིར་འཐེན་དང་། གསོ་སྐྱོང་དང་ལྕག་སྐུལ། དགེ་རྒན་བྱ་རྒྱུའི་ཁ་ཆད་ལག་བསྟར་བྱེད་པ་སོགས་ཐད་ཀྱི་ཞིབ་ཕྲའི་བླང་བྱ་དང་། དེ་བཞིན་སྲིད་ཇུས་འགན་ལེན་གྱི་འབྲེལ་ཡོད་གཏན་འབེབས་དང་བར་བརྒལ་དུས་མཚམས་ཀྱི་སྲིད་ཇུས་ཁ་གསལ་བཟོས་ཡོད་པ་རེད།

(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་ཆེ་བ་དང་མཚམས་གཅོད་ཀྱིས་ཞུས)