འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་17ཉིན།

༄༅།།ཨ་རིའི་གནམ་གྲུ་ཞིག་ལྷུངས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་17ཉིན། 11:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཨ་རིའི་རླུང་འཕྲིན་ཀུང་སི་(ABC)ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་15ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་ཀྱིས་གནམ་གྲུ་ཆུང་གྲས་ཤིག་ཅ་ལི་ཧྥུ་ཉི་ཡ་མངའ་སྡེ་རུ་ལྷུངས་ནས་མི་2རྐྱེན་ལམ་དུ་ཤོར་སོང་ཞེས་བཤད་པ་རེད།

   གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་ཀྱིས་གསལ་བསྒྲགས་ཤིག་གི་ནང་། ཉིན་དེའི་ཆུ་ཚོད་12དང་སྐར་མ་35ཙམ་ལ། ལུའོ་ཁེ་ཤིས་ཏེའི་L12གནམ་གྲུ་ཞིག་ཅ་མངའ་སྡེའི་ཆི་ནུའོ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ལྷུངས་པ་རེད།

   ད་ཆ། གནམ་གྲུ་ལྷུངས་རྐྱེན་སྔར་བཞིན་གསལ་པོར་ཤེས་ཀྱི་མེད།

   ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ནས། སྒྲིག་གཞི་དེས་ཨ་རིའི་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ལྷན་དང་མཉམ་དུ་གནམ་གྲུ་ལྷུངས་རྐྱེན་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།