འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་16ཉིན།

ཞིང་ལས་གྲོང་གསེབ་པུས།

༄༅།།ལས་དོན་ཚོགས་ཆུང་མངགས་ཏེ་ཐན་འགོག་དང་ཆུ་གྲོན་ཆུང་གི་འགག་རྩའི་ལག་རྩལ་གྱི་བྱ་ཐབས་དོན་འཁྱོལ་ལ་མཛུབ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་16ཉིན། 11:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞིང་ལས་གྲོང་གསེབ་པུས་ལས་དོན་ཚོགས་ཆུང་དང་ཚན་རྩལ་ཡན་ལག་རུ་ཁག་ཆུང་བ་ཧོ་པེ་དང་། ཧྲན་ཤིས། ཅང་སུའུ། ཨན་ཧུའེ། ཧྲན་ཏུང་། ཧོ་ནན། ཧྲའན་ཤིས་བཅས་ཞིང་ཆེན་7དུ་མངགས་ནས་ས་གནས་ཁག་ལ་ཐན་འགོག་གྲ་སྒྲིག་དང་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཏེ་སྤུས་འབོར་གཉིས་ལྡན་ངང་དབྱར་བསྡུ་དབྱར་འདེབས་ལེགས་སྒྲུབ་བྱས་པ་དང་། བཞའ་ཚན་བཟོས་ནས་རྨོ་འདེབས་དང་། ཆུ་འདྲེན་སོན་འདེབས། ཞིང་ཆུ་གཏོར་འགྲེམ་ཆུང་གྲས་སོགས་ཐན་འགོག་དང་ཆུ་གྲོན་ཆུང་གི་འགག་རྩའི་ལག་རྩལ་གྱི་བྱ་ཐབས་དོན་འཁྱོལ་བྱས་ནས་དུས་ཚོད་འོས་འཚམ་ནང་རྨོ་འདེབས་དང་ལྗང་པ་ཡོངས་རྫོགས་འདེབས་འཛུགས་བྱས་ཏེ་ལོ་ཧྲིལ་པོའི་འབྲུ་རིགས་དང་པད་ཁར་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

   ཟླ་5པ་ནས་བཟུང་། ཧོང་ཧོའེ་རྒྱ་མཚོ་ཕལ་ཆེ་བར་ཆར་ཆུ་འབབ་ཚད་ཉུང་ཞིང་། ཉེ་དུས་དྲོད་ཚད་མུ་མཐུད་མཐོ་རུ་ཕྱིན་ནས་ས་རྒྱུའི་བཞའ་ཚན་ཤོར་མགྱོགས་སུ་ཕྱིན་པ་དང་། ས་ཁུལ་ཁག་གཅིག་ཏུ་ཐན་སྐྱོན་བྱུང་བས་བཞའ་ཚན་དང་དུས་བབ་དང་འཚམ་པའི་དབྱར་འདེབས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པ་ལྟར་ན། མ་འོངས་པའི་ཉིན་10ཡི་རིང་ཧོང་ཧོའེ་རྒྱ་མཚོར་དྲོད་ཚད་མཐོ་རུ་སོང་ནས་ཐན་སྐྱོན་རྒྱུན་མཐུད་ངང་ཐོན་སྲིད་པས་ཐན་འགོག་དང་དབྱར་འདེབས་ལ་འགན་ལེན་བྱེད་པའི་ལས་འགན་ལྕི་པོ་ཡོད་པ་རེད།